བལ་ཡུལ་གྱི་སྲིད་འཛིན་རྒྱ་ནག་ནང་ཚོང་གི་དུས་སྟོན་དུ་ཕེབས་རྒྱུ།
2010.10.24
༄༅༎སང་ཉིན་ཚེས་༢༦ཉིན་བལ་ཡུལ་གྱི་སྲིད་འཛིན་རམ་ཡ་རྡལྦ་མཆོག་རྒྱ་ནག་ནང་ཧྲང་ཧད་ནང་དུས་སྟོན་ཞིག་ནང་མཉམ་བཞུགས་གནང་ཆེད་ཕེབས་རྒྱུ་ཡིན་པ་དང་ དེ་ནི་ཡུལ་གྲུ་གཉིས་ཀྱི་མཐུན་བསྒྲིལ་གྱི་རྩ་བའི་ཆེད་དུ་གཟིགས་སྐོར་ཕེབས་གཏན་འཁེལ་བ་ཞིག་ཡིན་འདུག
སྲིད་འཛིན་ཡ་རྡལྦ་མཆོག་གི་གཟིགས་སྐོར་དེ་ནི་ཁོང་སྲིད་འཛིན་དུ་བསྐོ་བཞག་བྱུང་བའི་རྗེས་རྒྱ་ནག་ཏུ་ཕེབས་པ་ཐེངས་དང་པོ་ཡིན་པ་དང་ གཟིགས་སྐོར་འདི་བརྒྱུད་ནས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བ་དེ་བཟང་དུ་འགྲོ་བའི་རེ་བ་ཡོད་ཅེས་ཁོང་གིས་གསུངས་བཞག
རྒྱ་ནག་གཞུང་གིས་ང་ཚོས་བལ་ཡུལ་མི་མང་ལ་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ལས་གཞིའི་ཐོག་ག་དུས་ཡིན་ཀྱང་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་གསུངས་བཞག
ཉེ་བའི་ཆར་རྒྱ་ནག་དང་བལ་ཡུལ་དབར་ཚོང་འབྲེལ་དང་ཡུལ་སྐོར་སྤྲོ་འཆམ་པ་མི་དང་མིའི་འབྲེལ་བ་སོགས་གང་ཅིའི་ཐོག་ནས་ཡར་རྒྱས་ཕྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་འཛུགས་བསྐྲུན་དང་བཟོ་ལས་ཡར་རྒྱས་ དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཐོག་མཐུན་འགྱུར་གནང་གི་ཡོད་པ་རེད།
ད་བར་གྱི་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་དེ་ཉིན་རེ་ནས་ཉིན་རེ་ཡར་རྒྱས་འགྲོ་བའི་རེ་བ་ཡོད་ཅེས་བལ་ཡུལ་གྱི་སྲིད་འཛིན་རམ་ཡ་རྡལྦ་མཆོག་གིས་གསུངས་བཞག།