ནོར་ལྦེའི་གཞུང་མང་ལ་བལ་ཡུལ་ནས་ཐུགས་གསོ་ཞུས།

བལ་ཡུལ་གཞུང་གིས་ནོར་ལྦེ་ཡི་མཚོ་གླིང་ཞིག་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་ངན་བྱུང་བ་དེར་བློ་འཚབ་ངང་ཡུལ་དེའི་གཞུང་ལ་ཐུགས་གསོ་ཞུ་བ།

2011.07.24

༄༅༎བལ་ཡུལ་གཞུང་གིས་ནོར་ལྦེ་ཡི་མཚོ་གླིང་ཞིག་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་ངན་བྱུང་བ་དེར་བློ་འཚབ་ངང་ཡུལ་དེའི་གཞུང་ལ་ཐུགས་གསོ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་སྲིད་འཛིན་རམ་བ་རན་ཡ་རྡལྦ་མཆོག་གིས་ནོར་ལྦེ་ཡི་རྒྱལ་པོ་ཧེ་རལ་ཌེ་ལ་ཐུགས་གསོའི་ཕྱག་བྲིས་ཤིག་ཕུལ་བའི་ནང་ཨོ་སི་ལོ་ནང་འབར་རྫས་གས་གཏོར་གྱི་དོན་རྐྱེན་དང་དེ་བཞིན་ཨོ་ཀྲེ་ཨི་ཡ་མཚོ་གླིང་ནང་ན་གཞོན་མང་པོ་གང་བྱུང་མེ་བདའི་འོག་རྐྱེན་ལམ་དུ་བཏ་ངབ་དེར་བློ་ཕམ་ཆེན་པོའི་དྲག་ལས་དེར་སྐྱོན་བརྗོད་དང་སྦྲགས་ཕྲན་གྱིས་བལ་ཡུལ་གཞུང་དམངས་གཉིས་ཀྱི་ངོ་ཚབ་ཞུས་ནས་ནོར་ལྦེ་གཞུང་དམངས་དང་ལྷག་པར་དུ་རྐྱེན་ངན་ནང་ཚུད་པི་ནང་མི་རྗེས་བཤུལ་རྣམས་ལ་ཐུགས་གསོ་ཞུ་ཡི་ཡོད་ཅེས་འཁོད་ཡོད་འདུག ཕྱོགས་མཚུངས་སྲིད་བློན་ཇ་ལ་ནཐ་ཁ་ནལ་མཆོག་གིས་ཀྱང་ནོར་ལྦེ་ཡི་སྲིད་བློན་ཡེན་སི་སི་ཀྲོལ་ཀྲེན་སྦག་མཆོག་ལ་ཐུགས་གསོའི་ཕྱག་བྲིས་ཤིག་ཕུལ་ཡོད་འདུག གོང་ཞུས་རྐྱེན་ངན་གཉིས་ནང་ཡུལ་༩༢ཀྱི་ཚེ་སྲགོ་ཤོར་ཡོད་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎