བལ་ཡུལ་སྲིད་བློན་གྱིས་རྒྱ་གར་དཔོན་རིགས་ཁག་མཇལ་འཕྲད།

བལ་ཡུལ་གྱི་སྲིད་བློན་གསར་པས་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན། གཞུང་གི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པ།

2011.10.21

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་སྦ་སྦུ་རམ་བ་ཏ་རའེ་དེང་སྐབས་རྒྱ་གར་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན། གཞུང་གི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་སྔ་དྲོ་རྒྱ་གར་གྱི་ཕྱི་སྲིད་ལས་དོན་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་བལ་ཡུལ་གྱི་སྲིད་བློན་བཞུགས་ཡུལ་མགྲོན་ཁང་དུ་ཕེབས་ཏེ། དབུ་ཁྲིད་རྣམ་གཉིས་པོས་དུས་ཡུན་ཚོུད་གཅིག་རིང་ཡུལ་གྲུ་གཉིས་ཀྱི་མཉམ་ལས་དང༌། རྒྱ་གར་གྱིས་བལ་ཡུལ་ཐོག་རོགས་རམ་གྱི་ལས་གཞི། བལ་ཡུལ་ནང་དུ་དཔལ་འབྱོར་ཡར་རྒྱས་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་ཡོད་ཅིང༌། སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་ལས་དོན་བློན་ཆེན་ཀི་རིཤ་ན་ཡིས། བལ་ཡུལ་གྱི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་རྒྱ་གར་ཕྱོགས་ནས། བལ་ཡུལ་ནང་དཔལ་འབྱོར་གྱི་མ་རྩ་འཛུག་རྒྱུའི་ལས་གཞི་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ཡོད་པའི་སྐོར་གསུངས་ཏེ། བལ་ཡུལ་ཡར་རྒྱས་ཀྱི་དམིགས་ཡུལ་ལ་གྲུབ་འབྲས་ཤིག་ཐོན་རྒྱུར་རྒྱ་གར་ཕྱོགས་ནས་རོགས་རམ་བྱ་རྒྱུའི་འབད་བརྩོན་གནང་ཡོད་པ་དང༌། དེར་བལ་ཡུལ་གྱི་སྲིད་བློན་མཆོག་ནས། རྒྱ་གར་ནི་དུས་རྟག་ཏུ་བལ་ཡུལ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་ཡོང་ཐབས་ཀྱི་དམིགས་ཡུལ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་གནང་མཁན་ཞིག་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་གར་གྱི་ཕྱི་སྲིད་ལས་དོན་བློན་ཆེན་ཀི་རིཤ་ན་མཆོག་གིས། བལ་ཡུལ་ནང་རྒྱ་གར་གྱི་དཔལ་འབྱོར་མ་རྩ་འཛུགས་མཁན་གྱི་ཚོང་ལས་པ་ཚོར་བལ་ཡུལ་ཕྱོགས་ནས་མཛའ་གྲོགས་ཀྱི་ཁོར་ཡུག་སྐྲུན་ཏེ་རྒྱ་གར་གྱི་ཕྱོགས་ནས་བལ་ཡུལ་ནང་མ་རྩ་འཛུགས་མཁན་ཇེ་མང་དུ་འཕེལ་འགྲོ་རྒྱུའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང༌། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་མ་རྩ་འཛུགས་པའི་ལས་གཞི་སྲུང་སྐྱོབ་ཀྱི་གྲོས་མཐུན། དཔྱ་ཁྲལ་ལྡབ་གཉིས་སྤྲོད་མི་དགོས་པའི་གྲོས་མཐུན་དེ་དག་ཐོག་རྒྱལ་ཁབ་གཉིས་པོས་མོས་མཐུན་གྱི་ས་རྟགས་རྒྱབ་པ་ཡིན་ན་གོང་གསལ་གྱི་ལས་གཞི་དེ་དག་ལམ་ལྷོང་ཡོང་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད། དེ་རིང་སྔ་དྲོ་རྒྱ་གར་གྱི་ཕྱི་སྲིད་ལས་དོན་དྲུང་ཆེ་དང་མཇལ་འཛོམས་གནང་བ་དང༌། ཕྱི་དྲོ་རྒྱ་གར་གྱི་སྲིད་འཛིན་གཞོན་པ་དང་རྒྱ་གར་གཞུང་འཛིན་ཚོགས་པའི་ཚོགས་གཙོ་སོའོ་ནི་ཡ་གན་རྡི། དཔལ་འབྱོར་བློན་ཆེན། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་བཅས་ཁག་ཁག་ཏུ་མཇལ་འཛོམས་གྲོས་མོལ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎