འཛམ་གླིང་ནང་གཟུགས་ཚད་ཆུང་ཤོས་ཀྱི་མི།
2010.10.15
༄༅༎བལ་ཡུལ་སྤོག་རའི་ནང་གཏན་སྡོད་བྱེད་བཞིན་པའི་ལོ་ན་བཅོ་བརྒྱད་ལ་སླེབས་པའི་ན་གཞོན་ཀ་གེན་རྡར་ཐའ་པ་མ་གར་ཞུ་བ་གཟུགས་ཚད་རིང་ཐུང་ཨིན་ཆི་༢༦་༤ལས་མེད་པ་ཁོང་འཛམ་གླིང་ནང་སྐྱེས་པ་གཟུགས་ཆུང་ཤོས་དེ་ཡིན་པ་Guinness World Record ཞེས་འཛམ་གླིང་ནང་གང་ཅིའི་ཚད་གཞི་མཐོ་ཤོས་དང་དམའ་ཤོས་སོགས་ཐོ་བཀོད་ཞིབ་འཇུག་བྱེད་མཁན་གྱི་ཚན་པ་དེས་ཁ་ས་གསལ་བསྒྲགས་གནང་ཡོད་པ་རེད་
མ་གར་ཞེས་པའི་བལ་པོའི་ན་གཞོན་དེ་གཟུགས་ཚད་ཕྲུ་གུ་ན་ཆུང་ཞིག་གི་ཚད་གཞི་ལས་མེད་པ་དང་ གཟུགས་པོའི་ལྗིད་ཚད་ལ་མཚོན་ནའང་ཀི་ལོ་དྲུག་དང་ཕྱེད་ཀ་ལས་མེད་པ་དང་ ཁོང་གི་ཕ་མས་ཁོང་ཐོག་མར་སྐྱེས་བའི་སྐབས་སྦར་མཐིལ་ནང་ཤོངས་ཚོད་ཅིག་ལས་མེད་པ་འགྲེལ་བརྗོད་གནང་འདུག
Guinness World Recordཞེས་པའི་ཟིན་ཐོའི་ནང་ཚུད་པའི་སྙན་གྲགས་ལ་བརྟེན་ན་གཞོན་ཁོང་གི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཁེ་ཕན་དང་བལ་ཡུལ་གྱི་སྤོ་རའི་གྲོང་ཚོ་བཅས་པར་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་སོགས་ཀྱི་དོ་སྣང་བྱ་ཡུལ་འཕར་མ་ཞིག་ཏུ་གྱུར་ཡོད་པར་སོང་ ཕ་མ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་བཅས་པ་ཚང་མས་ཁོང་ལ་འཛམ་གླིང་ནང་སྐྱེས་པ་གཟུགས་ཚད་ཆུང་ཤོས་ཀྱི་ངོས་འཛིན་ཐོབ་པར་དགའ་སྟོན་ཆེན་པོ་བྱེད་ཀྱི་ཡོད་འདུག
དེ་ཡང་ཁོང་གི་ཕ་རུཔ་སྦ་ཧ་རྡུར་ཐའ་པ་མ་གར་ཞུ་བས་གསར་འགྱུར་ལས་ཁང་ལ་ ཁོང་གི་བུ་ཁ་གེན་རྡར་གཟུགས་པོ་ཆུང་ཆུང་ལས་མེད་ཀྱང་ཁོ་པའི་གཟུགས་ཚད་དེས་ད་ཆ་ཡོངས་བསྒྲགས་ཆེན་པོ་འགྱུར་བཞིན་པ་དང་ཚང་མས་ཁོ་པར་དགའ་པོ་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་འདུག