བལ་ཡུལ་གྱིས་རྒྱ་ནག་གི་འཆར་གཞིར་རྒྱབ་སྐྱོར་བྱས་འདུག


2017.05.12
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་བའི་འཛུགས་བསྐྲུན་ལས་འཆར་ས་ཁྲ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་བའི་འཛུགས་བསྐྲུན་ལས་འཆར་ས་ཁྲ།
དྲ་བཤུས།/livemint.com

བལ་ཡུལ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་བའི་འཛུགས་བསྐྲུན་ལས་འཆར་ཐོག་མིང་རྟགས་བཀོད་འདུག
དེ་ཡང་འདི་ཚེས་༡༢་ཉིན་བལ་ཡུལ་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་བའི་འཛུགས་བསྐྲུན་ལས་འཆར་ཐོག་མིང་རྟགས་བཀོད་ཡོད་པ་དང་། ལས་འཆར་དེ་དག་རྒྱལ་ཁབ་༦༥ཙམ་ནང་ལག་བསྟར་བྱ་རྒྱུ་ཡིན་པ་དེ་ནི་གླིང་ཆེན་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་རྒྱ་ཁྱབ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གིས་རྒྱལ་ས་པེ་ཅིང་དུ་ཟླ་བ་འདིའི་ཚེས་༡༤ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འཚོགས་ལ་ཉེ་བའི་གོང་དེར། རྒྱ་ནག་དང་བལ་ཡུལ་གཉིས་དབར་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་འཆར་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཐོག་བལ་ཡུལ་གྱིས་མིང་རྟགས་བཀོད་ཡོད་པ་རེད།
སྲིད་འཛིན་ཞི་ཅིང་པིན་གྱིས་སྣེ་ཁྲིད་ལམ་སྟོན་འོག་གི་ལས་འཆར རྒྱུད་གཅིག་ལམ་གཅིག་་གིས་འཛམ་གླིང་མི་མང་བརྒྱ་ཆ་༦༠ས་བེད་སྤྱོད་ཐུབ་པའི་རྒྱ་ནག་གི་དཔལ་འབྱོར་ཐོག་རྒྱབ་བརྟེན་བྱས་པའི་མཚོ་ཁའི་བབས་ཚུགས་དང་། མེ་འཁོར་ལྕགས་ལམ། གཞུང་ལམ་དང་བཟོ་གྲྭའི་སྤྱི་གླིང་མང་པོ་ཞིག་གསར་རྒྱག་འཛུགས་སྐྲུན་ཐུབ་རྒྱུ་ཡིན་སྐོར་རྒྱ་ནག་གིས་བརྗོད་བཞིན་འདུག
གོང་ཞུས་རྒྱ་ནག་དང་བལ་ཡུལ་གཉིས་དབར་མིང་རྟགས་བཀོད་པའི་ལས་འཆར་དེའི་འོག་རྒྱ་ནག་གིས་བལ་ཡུལ་ནང་མ་རྩ་ཕོན་ཆེ་བཏོན་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲུའུ་དང་བོད་ཀྱི་རྒྱལ་ས་ལྷ་སའི་དབར་མེ་འཁོར་ལྕགས་ལམ་གསར་འཛུགས་དང་གཞུང་ལམ་འབྲེལ་མཐུད་བྱ་རྒྱུ་ཡིན་པ་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག
ཚེས་༡༢་ཉིན་བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་Prakash Saran Mahat ཡིས། རྒྱ་ནག་དང་མཉམ་ལས་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་འགོད་སྐབས། རྒྱ་ནག་གིས་བལ་ཡུལ་ནང་མ་རྩ་འཛུགས་འཇོག་གང་མང་བྱ་རྒྱུའི་རེ་བ་དང་། དབུལ་ཕོངས་རྒྱལ་ཁབ་བལ་ཡུལ་ལ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་ཐུབ་པའི་རོགས་རམ་རྒྱ་ནག་གིས་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག
རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་འབྲེལ་ནང་སླད་ཕྱིན་ཆ་ཤས་མང་བ་ལེན་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེར། གནད་དོན་དབྱེ་ཞིབ་པ་ཚོས་བློ་འཚབ་བྱས་ནས་རྒྱ་ནག་དམར་པོའི་གཞུང་གིས་གོ་ལའི་ཚོང་འབྲེལ་ལམ་ལུགས་ཐོག་སྣེ་འཁྲིད་ཀྱི་ནུས་པ་བཏོན་ནས་ཚོང་ལས་སྒྲིག་སྲོལ་གསར་པ་བཟོས་པ་ཡིན་ན་དེའི་མཇུག་འབྲས་ཉེན་ཚབས་ཅན་ཆགས་རྒྱུའི་བློ་དོགས་བྱེད་བཞིན་ཡོད་པ་རེད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་Fitchཞིབ་འཇུག་ཁང་གིས། རྒྱ་ནག་གི་ཆབ་སྲིད་ཀུན་སློང་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་ལས་གཞི་དེ་ཚོ་དངོས་སུ་ལག་ལེན་བསྟར་སྐབས། ཕན་ཐོག་ཇི་ཙམ་ཡོང་མིན་དོགས་པའི་རང་བཞིན་ཡིན་པ་དང་། དཔལ་འབྱོར་གྱི་དཀའ་ངལ་ཡོད་བཞིན་པའི་རྒྱལ་ཁབ་ཁག་འབྱུང་འགྱུར་རྒྱ་ནག་གི་དངུལ་བུན་འོག་ཚུད་རྒྱུའི་ཉེན་ཁ་ཡོད་པའི་སྔོན་དཔག་གནང་འདུག
བལ་ཡུལ་ནང་གི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཡུ་ཧོང་གིས། ཕྱོགས་གཉིས་དབར་རྒྱུད་གཅིག་ལམ་གཅིག་མཉམ་ལས་འཛུགས་སྐྲུན་ལས་གཞིའི་ཐོག་ས་རྟགས་འགོད་པའི་མཛད་སྒོའི་སྐབས། ལས་འཆར་དེ་ནི་རྒྱ་ནག་གཅིག་པུ་མིན་པར་ཕྱོགས་ཚང་མས་མཉམ་རུབ་བྱ་དགོས་པའི་ལས་གཞི་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎