བལ་བོད་ས་མཚམས་སུ་བོད་མི་ལས་འགུལ་བ་འཛིན་བཟུང༌།

བལ་ཡུལ་ནང་བོད་མི་ཁག་ཅིག་བོད་ནང་ཞི་བའི་གོམ་བགྲོད་བྱ་རྒྱུའི་འབད་བརྩོན་བྱེད་པའི་སྐབས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2009.06.26

༄༅༎བལ་ཡུལ་ནང་བོད་མི་ཁག་ཅིག་གིས་བོད་རང་བཙན་གྱིས་ལས་འགུལ་སྤེལ་རྒྱུའི་ཆེད་དུ་བོད་ནང་ཞི་བའི་གོམ་བགྲོད་བྱ་རྒྱུའི་འབད་བརྩོན་བྱེད་པའི་སྐབས་དེར་བལ་པོའི་ཉེན་རྟོག་པས་བུད་མེད་བརྒྱད་གཙོས་པའི་བོད་མི་༣༥བོད་ཀྱི་ས་མཚམས་ནས་འཛིན་བཟུང་བྱས་ཡོད་པ་རེད།

བོད་མི་དེ་རྣམས་ནས་ཁག་ཅིག་གིས་གསུང་ན་ཁོང་ཚོར་བལ་ཡུལ་ནང་གནས་སྡོད་ཆོག་པའི་ཆབ་འབངས་མི་སེར་ལག་འཁྱེར་ཡོད་པ་དང་ངོ་སྦྱོར་ཡོད་མཁན་ཡིན་པ་དང་དེ་རིང་སྔ་དྲོ་ཚོུད་བཞི་པའི་ཐོག་བལ་ཡུལ་རྒྱལ་ས་ནས་འགྲུལ་སྐྱེལ་མོ་ཊ་ཞིག་གླས་ཏེ་བོད་ཀྱི་ས་མཚམས་ཕྱོགས་སུ་ཐོན་བསྐྱོད་བྱས་ཏེ་བལ་བོད་ས་མཚམས་འགྲམ་འགག་སྒོར་འབྱོར་བའི་སྐབས་བལ་པོའི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་ཅིང་ད་རེས་ཁོང་ཚོས་བོད་དུ་བསྐྱོད་རྒྱུའི་ཞི་བའི་ལས་འགུལ་གཙོ་བོ་དེ་ནི་བོད་ནང་ཞི་བདེ་མེད་པ་དང་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་ཚོར་ཉེས་རྡུང་དང་མནར་གཅོད་གཏོང་བ་མ་ཟད་དམར་གསོད་གཏོང་བའི་བྱ་སྤྱོད་ལ་ང་ཚོས་བོད་ཀྱི་ས་ཐོག་ཏུ་བསྐྱོད་དེ་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་ཀྱང་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་མིན་གྱི་བོད་མི་གཞན་ཚོས་ལག་ཏུ་འཁྱེར་བའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བརྗོད་ཚིག་བཀོད་པའི་ཡིག་ཆེན་གནམ་ལ་འཕྱར་ཏེ་བོད་རང་བཙན་ཡིན།རྒྱ་ནག་གཞུང་གིས་བོད་ནང་བཙན་གནོན་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་པའི་འབོད་ཚིག་སྒྲོག་པ་དང་འགྲིམས་འགྲུལ་གྱི་འགྲོ་ལམ་བཀག་ཏེ་ཁོང་ཚོའི་རོགས་པ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག བལ་པོའི་ས་མཚམས་ཉེན་རྟོག་དཔོན་རིགས་ཨ་བ་ཡ་ཇོ་ཤི་ཡིས་ང་ཚོར་ཉེན་རྟོག་པའི་ལས་ཁུངས་ཨ་མ་ནས་གནས་ཚུལ་མ་འབྱོར་བ་ཏུ་བོད་མི་དེ་རྣམས་འཕྲལ་སེལ་ཉེན་རྟོག་པའི་དོ་དམ་ཁང་དུ་བཀག་ཉར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎