བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་གནང་བའི་གནས་ཚུལ།

བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་གནང་བ་དེས་སླར་ཡང་ཡུལ་ནང་དཀའ་ངལ་ཆེན་པོ་ཆགས་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

2011.08.14

༄༅༎བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་གནང་བ་དེས་སླར་ཡང་ཡུལ་ནང་དཀའ་ངལ་ཆེན་པོ་ཆགས་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

ཁ་ས་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་སྲིད་བློན་ཇ་ལ་ནའཐ་ཁ་ནལ་མཆོག་ནས་ཞི་འགྲིགས་ཡོང་ཐབས་སུ་མནའ་འབྲེལ་ཚོགས་པའི་དབུ་འཁྲིད་ཚོ་དང་གྲོས་མོལ་ལམ་ལྷོང་མ་བྱུང་སྟབས་སྲིད་འཛིན་ལ་དགོངས་ཞུ་ཕུལ་ཡོད་ལུགས་ཁོང་གི་དྲིལ་བསྒྲགས་སློབ་སྟོན་པ་སྐུ་ཞབས་སུར་ཡ་ ཐ་པས་འགྲེལ་བརྗོད་བྱེད་ཡོད་འདུག དེ་ཡང་ཁོང་གིས། སྲིད་བློན་མཆོག་གི་ཞི་འགྲིགས་ཀྱི་ལས་དོན་མུ་མཐུད་ནས་སྤེལ་ཐུབ་ཐབས་དང་། རྩ་ཁྲིམས་ཟིན་བྲིས་བཟོ་ཐབས་སུ་དམིགས་ནས་མཐའ་མའི་བར་གྲོས་མོལ་གནང་ཡང་གྲོས་མཐུན་མ་བྱུང་སྟབས་དགོངས་ཞུ་གནང་དགོས་བྱུང་ཡོད་ལུགས་གསུངས་འདུག ཁོང་གི་སྣེ་འཁྲིད་པའི་མནའ་འབྲེལ་གཞུང་གི་ནང་། ཚོགས་པ་གསུམ་ཡོད་པའི་ནང་། མའོའི་ཚོགས་པ་ཡང་ཡོད་པ་རེད། བལ་ཡུལ་ནང་མནའ་འབྲེལ་གཞུང་དང་ལྷག་པར་དུ་གྲོས་ཚོགས་ནས་རྩ་ཁྲིམས་གཏན་འབེབས་བྱེད་དགོས་ཀྱི་ཡོད་ཀྱང་དུས་ཚོད་རྒྱས་བཅད་ནས་ཐེངས་གཉིས་ཙམ་གྲོས་མཐུན་མ་བྱུང་བའི་རྐྱེན་གྱིས་ལམ་ལྷོང་བྱུང་མེད་པ་རེད། ད་ཆ་སླར་ཡང་སྲིད་བློན་མེད་པའི་གནས་སྟངས་སུ་གྱུར་ནས་ཆབ་སྲིད་ཚོགས་པ་ཚོའི་དབར་མོས་མཐུན་ཡག་པོ་ཞིག་མ་བྱུང་བ་ཡིན་ན་བལ་ཡུལ་རྒྱལ་ཁབ་འདི་བཞིན་སླར་ཡང་གཞུང་གཏན་པོ་མེད་པ་དང་། རྩ་ཁྲིམས་ལ་འགྱུར་བཅོས་གཏོང་མ་ཐུབ་པ་། དཔལ་འབྱོར་དང་ཁྲིམས་ཀྱི་ལམ་ལུགས་སོགས་གང་ས་ཅིའི་ཐད་ནས་དོ་ཕོག་ཐེབས་ནས་གཙོ་བོ་མང་ཚོགས་ལ་གྱོང་གུན་ཆེན་པོ་ཐེབས་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎