བལ་ཡུལ་གྲོས་ཚོགས་ཀྱིས་ལོ་འཁོར་སྔོན་རྩིས་གཏན་འབེབས།

བལ་ཡུལ་གྱི་གྲོས་ཚོགས་ཀྱིས་ལོ་འཁོར་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག༎

༄༅༎བལ་ཡུལ་གྱི་གྲོས་ཚོགས་ཀྱིས་ལོ་འཁོར་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ དཔལ་འབྱོར་བློན་ཆེན་གཅིག་ལྕོགས་བའ་རཐ་མོ་ཧན་ཨ་རྡི་ཀ་རི་མཆོག་གིས་འདས་པའི་ལོ་གསུམ་གྱི་གནས་སྟངས་ལ་ཆ་བཞག་ནས་ བལ་སྒོར་ཐེར་འབུམ་༣༨༧ཙམ་དང་ཨ་རིའི་ཌོ་ལར་ཐེར་འབུམ་ ལྔ་དང་ཕྱེད་ཀའི་ལོ་འཁོར་སྔོན་རྩིས་འཆར་གཞི་གྲོས་ཚོགས་སུ་ཕུལ་སྤྱི་མོས་ཐོག་གཏན་འབེབས་བྱུང་ཡོད་འདུག སྔོན་རྩིས་འཆར་གཞིའི་ནང་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་དང་ཐོན་བསྐྱེད་རྒྱ་བསྐྱེད་གཏོང་རྒྱུ་མཚོན་པའི་སྤྱི་ཚོགས་ནང་གཞི་རིམ་གྱིས་དྲང་བདེན་དང་དཔལ་འབྱོར་གྱི་གནས་སྟངས་བརྟན་པོ་བཟོ་རྒྱུའི་དམིགས་ཡུལ་གཙོ་བཟུང་གནང་ཡོད་ལུགས་སྲིད་བློན་གཞོན་པས་འགྲེལ་བརྗོད་གནང་འདུག ཡང་སྲིད་བློན་གཞོན་པས་ད་ཆ་བལ་་ཡུལ་ནང་ཨེ་ཤེ་ཡའི་འཛུགས་བསྐྲུན་དངུལ་ཁང་དང་ རྒྱ་ནག། རྒྱ་གར། ཨོ་སེ་ཀྲོ་ལི་ཡ་བཅས་ཀྱིས་གློག་ཤུགས་མཁོ་འདོན་སོགས་ཀྱི་ལས་གཞིའི་ཐོག་མ་རྩ་འཛུགས་རྒྱུའི་ཁས་ལེན་ཡོད་ལུགས་འགྲེལ་བརྗོད་གནང་འདུག༎