བལ་ཡུལ་དུ་སྲིད་བློན་གྱི་ལས་གནས་འཐོབ་ཐབས།

ད་ལྟའི་གཞུང་གིས་བལ་ཡུལ་ནང་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་འགྲུབ་དཀའ་བ་ཡིན་ལུགས་བར་བརྒལ་སྲིད་བློན་གྱིས་བརྗོད།

2011.08.26

༄༅༎བལ་ཡུལ་ནང་སྲིད་དོན་ཚོགས་པ་ཁག་གིས་གཞུང་འཛིན་སྲིད་བློན་གྱི་ལས་གནས་འཐོབ་ཐབས་བྱེད་བཞིན་པ་དང་། ད་ལྟའི་གཞུང་གི་བལ་ཡུལ་ནང་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་འགྲུབ་དཀའ་བ་ཡིན་ལུགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་ཇ་ལ་ནའཐ་ཀ་ནལ་གྱིས་གསུངས་གནང་འདུག        

འོན་ཀྱང་བལ་ཡུལ་ནང་ཆིག་བསྒྲིལ་གཞུང་ཞིག་གསར་འཛུགས་བྱ་རྒྱུའི་དུས་ཡོལ་མེད་ཅིང་། གྲོས་ཚོགས་འཐུས་མི་མང་མོས་ཀྱིས་འོས་འདེམས་བྱས་པའི་གཞུང་དེ་ཆིག་བསྒྲིལ་གཞུང་ཞིག་ལ་བསྒྱུར་ཐུབ་པའི་རེ་བ་ཡང་ཡོད་ལུགས་ཁོང་གིས་མུ་མཐུད་གསུངས་གནང་འདུག

ཕྱི་ལོ་༢༠༠༦ལོར་བལ་ཡུལ་ནང་ཞི་འགྲིག་བྱུང་ནས་བཟུང་ད་བར་གཞུང་འཛིན་འཕོ་འགྱུར་་ལན་གསུམ་བྱུང་བའི་རིང་བལ་ཡུལ་གྱི་ཁྲིམས་བཟོ་དང་། རྒྱུན་གནས་ཐུབ་པའི་ཞི་འགྲིག་ལས་དོན་འགྲུབ་ཐུབ་མེད་པ་རེད། བལ་ཡུལ་གྲོས་ཚོགས་ཀྱིས་སྲིད་བློན་འོས་འདེམས་བྱ་རྒྱུ་དང་སྲིད་བློན་འོས་གཞིར་བཞུགས་མཁན་ཚོས་རེས་གཟའ་པ་སངས་དགོང་དྲོ་ཆུ་ཚོད་བཞི་པའི་གོང་དུ་མིང་གཞུང་དེབ་སྐྱེལ་ཐུབ་པ་དགོས་ཤིང་། དམར་ཤོག་མའོ་ཚོགས་པའི་སྲིད་བློན་འོས་མི་སྦ་སྦུ་རམ་བ་ཏ་རའེ་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་རམ་ཅན་རྡར་པའོ་ཌེལ་ རྣམ་གཉིས་ཀྱི་སྲིད་བློན་འོས་མིར་རང་རང་གི་མིང་གཞུང་དེབ་སྐྱེལ་གནང་ཡོད་པ་མ་ཟད་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་འགྲུབ་པ་བྱ་རྒྱུའི་ཁས་ལེན་དམ་བཅའ་འཇོག་གནང་འདུག   

བལ་ཡུལ་གྲོས་ཚོགས་ཀྱིས་སྲིད་བློན་འོས་འདེམས་ཀྱི་འོས་ཤོག་རེས་གཟའ་ཉི་མའི་ཉིན་དགུང་ཆུ་ཚོད་དང་པོའི་ཐོག་ལས་རིམ་གཏན་འཁེལ་གནང་འདུག ཡང་བལ་ཡུལ་གཞུང་གིས་ད་ཡོད་ཁྲིམས་བཟོའི་འཐུས་མིའི་ལས་ཡུན་སླར་ཡང་ཟླ་གསུམ་རིང་ཕར་འགྱངས་གནང་རྒྱུའི་གཞུང་འབྲེལ་གྲོས་འཆར་བཏོན་ཡོད་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲོས་ཚོགས་འཐུས་མིའི་ལས་ཡུན་ཕར་འགྱངས་གནང་དང་གནང་འཆར་དེ་དག་ཁྲིམས་མཐུན་ཆགས་མིན་ཞིབ་འཇུག་གནང་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎