བལ་ཡུལ་ཕྱོགས་འགལ་ཚོགས་པས་རང་སྐྱོང་ས་ཁུལ་གསལ་བསྒྲཌ།

བལ་ཡུལ་ནང་ཕྱོགས་འགལ་དམར་ཤོག་ཆིག་སྒྲིལ་ཚོགས་པས་ད་དུང་མངའ་སྡེ་བཅུ་གཅིག་རང་སྐྱོང་ལྗོངས་བཟོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

2009.12.13

༄༅༎བལ་ཡུལ་ནང་ཕྱོགས་འགལ་དམར་ཤོག་ཆིག་སྒྲིལ་ཚོགས་པས་ཉིན་གཉིས་གོང་ཤར་ཕྱོགས་ཀྱིས་མངའ་སྡེ་ཀོ་ཆི་ལ་དང་ལིམ་བུ་ལྦན་གཉིས་རང་སྐྱོང་ལྗོངས་ས་ཁུལ་དུ་གསལ་བསྒྲགས་བྱས་པ་དེར་བློ་འཚབ་ཆེན་པོ་ཡོད་མིན་ལ་ལྟོས་མེད་ཀྱིས་ད་དུང་མངའ་སྡེ་བཅུ་གཅིག་རང་སྐྱོང་ལྗོངས་བཟོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ནེ་པལ་ནིའུསེ་ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན་མའོ་གྱེན་ལོག་ཤོག་ཁག་གིས་བལ་ཡུལ་ནུབ་ཕྱོགས་ཏེ་རའེ་ཁུལ་རྫོང་ཁག་ལྔ་ཐ་རུ་ལྦན་རང་སྐྱོང་ལྗོངས་ས་ཁུལ་དུ་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་པ་དང་སྦྲགས་ཐ་རུ་གྲངས་ཉུང་མི་རིགས་ལས་གྲུབ་པའི་རང་སྐྱོང་ལྗོངས་གསར་འཛུགས་ཀྱི་མཛད་སྒོ་ཞིག་ནུབ་ཕྱོགས་ཀྱི་སྦེང་ཀེ་རྫོང་ཁུལ་གྱི་ནེ་པལ་གན་ཇི་ཞེས་པར་གནང་རྒྱུ་ཡིན་འདུག དེ་མ་ཟད་ནུབ་ཕྱོགས་རི་རྒྱུད་ཀྱི་རྡོ་ཏི་རྫོང་ཁུལ་རྡི་པ་ཡལ་ས་ཁུལ་རྣམས་སེཏི་མ་ཧ་ཀ་ལི་རང་སྐྱོང་ས་ཁུལ་དུ་བཟོ་རྒྱུའི་གསལ་བསྒྲགས་ཀྱང་བྱས་བཞག རེས་གཟའ་སྤེན་པའི་ཉིན་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་ཕྱོགས་འགལ་དམར་ཤོག་ཆིག་སྒྲིལ་ཚོགས་པར་ལས་འགུལ་འདི་རིགས་མཚམས་འཇོག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་སྒྲིག་གི་ལས་དོན་ནང་མཉམ་ཞུགས་བྱེད་དགོས་པའི་འབོད་བསྐུལ་ཞུས་གནང་བ་དང་སྦྲགས་ལས་འགུལ་འདི་རིགས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིངས་ལ་གནོད་ཀྱི་རེད་ཅེས་གསུངས་གནང་འདུག བདུན་ཕྲག་སྔོན་མ་ཕྱོགས་འགལ་མའོ་ཆིག་སྒྲིལ་ཚོགས་པས་བལ་ཡུལ་གྱི་ས་ཁུལ་བཅུ་གསུམ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ནས་བཅོ་བརྒྱད་བར་ཆར་མ་བྱེད་རྒྱུར་རང་སྐྱོང་ལྗོངས་བཟོ་རྒྱུའི་དེ་འཆར་གཞི་དངོས་སུ་ལག་བསྟར་བྱེད་རྒྱུར་ཐག་གཅོད་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎