བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་གར་ལ་འཚམས་གཟིགས་གནང་རྒྱུ།

གྲོས་ཚོཊ་ཀྱིས་སྲིད་བློན་ལ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་ནང་འགྲིཊ་ཀྱི་གན་རྒྱ་རིགས་ལ་ས་རྟགས་བཀོད་མི་ཆོག་པ་ལམ་སྟོན་གནང་བ།

བལ་ཡུལ་གྱི་སྲིད་བློན་གསར་བK.P Oliམཆོག ༢༠༡༥།༡༠།༡༡ K.P Oli Fan Club

དེ་ཡང་བལ་ཡུལ་གྱི་སྲིད་བློན་KP Oliམཆོག་རེས་གཟའ་པ་སངས་ཉིན་རྒྱ་གར་དུ་འཚམས་གཟིགས་སུ་ཕེབས་གཏན་འཁེལ་ཡོད་ཀྱང་བལ་ཡུལ་གྲོས་ཚོགས་ནས་ཁོང་ལ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་ནང་འགྲིགས་ཀྱི་གན་རྒྱ་གང་འདྲ་ཞིག་ལའང་ས་རྟགས་བཀོད་མི་ཆོག་པའི་ལམ་སྟོན་ཕུལ་ཡོད་པ་རེད།
བལ་ཡུལ་གྱི་སྲིད་བློན་Oli མཆོག་གིས། འདས་པའི་མི་ལོ་བཅུ་ལྷག་གི་རིང་། རྩ་ཁྲིམས་གསར་པ་བཟོ་རྒྱུར་འགོག་རྐྱེན་སྤྲད་པ་དང་། དེ་བཞིན་བལ་ཡུལ་གྱི་ཆབ་སྲིད་ལ་རྒྱ་གར་གྱི་ཤུགས་རྐྱེན་འགོག་ཐབས་གནང་བ་སོགས་ལ་བརྟེན་རྒྱ་གར་གྱིས་ཁོང་ལ་དེ་ཙམ་དགའ་མོས་མེད་པ་གནད་དོན་དཔྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་བཞི་ཡིས་ས་རྟགས་བཀོད་ནས་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་གནང་ཐུབ་ཡོད་ཀྱང་། རྩ་ཁྲིམས་གསར་པར་Madhesiགྲངས་ཉུང་མི་རིགས་ཀྱི་ས་མཚམས་འཆར་འགོད་ལ་འདོད་བློ་མ་ཁེངས་པའི་ཆ་ནས། ཉེ་བའི་ཟླ་ཤས་ནང་ས་མཚམས་ཀྱི་འགྲོ་ལམ་བཀག་ནས་བལ་ཡུལ་ནང་སྣུམ་དང་བཟའ་ཆའི་རིགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། བལ་ཡུལ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ངོ་རྒོལ་ཀྱི་རྒྱབ་ལ་རྒྱ་གར་ཡོད་པའི་དོགས་པ་བྱས་ནས་རྒྱ་གར་ལ་སྐྱོན་བརྗོད་ཀྱང་མང་པོ་བྱས་ཡོད་པ་རེད།
རྒྱ་གར་དཔོན་རིགས་མཐོ་གྲས་ཚོས། ད་ལན་སྲིད་བློན་Oliམཆོག་རྒྱ་གར་དུ་ཕེབས་སྐབས་སྲིད་འཛིན་ཕོ་བྲང་དུ་གདན་འདྲེན་ཞུ་རྒྱུས་མཚོན་ཁོང་ལ་སྣེ་ལེན་ཟབ་རྒྱས་ཕུལ་ནས་མ་འོངས་ཡུལ་གྲུ་གཉིས་ཀྱི་མཐུན་འབྲེལ་ཡར་རྒྱས་ཡོང་བའི་རེ་བ་གནང་གི་ཡོད་འདུག
སྲིད་བློན་Oliམཆོག་གིས་ཀྱང་། Madhesiགྲངས་ཉུང་མི་རིགས་ཀྱི་ས་མཚམས་དཀའ་རྙོག་སེལ་ཐབས་སུ་དམིགས་བསལ་ཚོགས་ཆུང་ཞིག་ཟུར་བཙུག་གནང་སྟེ་དཀའ་རྙོག་དེ་སེལ་ཐབས་གནང་རྒྱུའི་འདུན་པ་ཆེན་པོ་ཡོད་ལུགས་གསུངས་ནས་རྣམ་འགྱུར་བཟང་པོ་སྟོན་གནང་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org