བལ་ཡུལ་མའོ་ཚོགས་པའི་འགོ་ཁྲིད་རྒྱ་ནག་ཏུ་ཐོན་བསྐྱོད་བྱས་པ།

བལ་ཡུལ་མའོ་ཚོགས་པའི་འགོ་ཁྲིད་རྒྱ་ནག་ཏུ་ཉིན་བཞིའི་རིང་གཞུང་དོན་ཕྱོགས་སྐྱོད་ཆེད་ཁ་ས་བལ་ཡུལ་ནས་ཐོན་བསྐྱོད་བྱས་འདུག

2010.10.23

༄༅༎བལ་ཡུལ་མའོ་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མལ་རྡ་ཧལ་རྒྱ་ནག་ཏུ་ཉིན་བཞིའི་རིང་གཞུང་དོན་ཕྱོགས་སྐྱོད་ཆེད་ཁ་ས་བལ་ཡུལ་ནས་ རྒྱ་ནག་ཧྲང་ཧ་གྲོང་ཁྱེར་ཕྱོགས་སུ་ཐོན་བསྐྱོད་བྱས་འདུག།

བལ་ཡུལ་གྱི་ཏྲི་བུ་ལྦན་གནམ་ཐང་ནས་རྒྱ་ནག་ཕྱོགས་སུ་ཐོན་བསྐྱོད་མ་བྱས་གོང་པུཤི་པ་ཀ་མལ་རྡ་ཧལ་ཡིས་གསར་འགོད་པ་ཚོར་། ད་རེས་ཁོང་རྒྱ་ནག་ལ་བསྐྱོད་ཡག་དེ་༢༠༡༠ལོའི་ཧྲང་ཧད་ཚོང་ལས་འགྲེམ་སྟོན་ནང་མཉམ་ཞུགས་བྱ་རྒྱུའི་ཁོ་ནའི་དོན་དུ་ཡིན་པ་ལས། ད་ལྟའི་འཆར་རྒྱ་ནག་གི་འགོ་ཁྲིད་དང་གཞུང་འབྲེལ་དཔོན་རིགས་སུ་ཞིག་དང་ཐུགས་འཕྲད་བྱ་རྒྱུའི་འཆར་གཞི་མེད་སྐོར་བརྗོད་འདུག།

སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་མའོ་ཚོགས་པའི་འགོ་ཁྲིད་ངོས་ནས་རྒྱལ་ཁབ་ཀྱི་སྔོན་རྩིས་འཆར་གཞི་དང་འབྲེལ་བའི་གནད་དོན་ཐོག་གྲོས་བསྡུར་ཆེད་དུས་ཚོད་རེ་སྐུལ་གནང་བར་མའོ་ཚོགས་པའི་ཚོགས་གཙོས་དངས་ལེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཐད་གསར་འགོད་པས་པུཤི་པ་ཀ་མལ་རྡ་ཧལ་ལ་དྲི་བ་བྱེད་སྐབས་ སྲིད་བློན་གྱིས་ངས་དུས་ཚོད་སྤྲད་མ་སོང་གསུངས་ཡག་དེ་ནོར་འཁྲུལ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། ཁོང་གི་སྣེ་ཁྲིད་པའི་བལ་ཡུལ་ལས་དོན་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་སྔོན་རྩིས་འཆར་གཞི་ཐེ་པའི་ཆབ་སྲིད་གནད་དོན་ཐད་ཚོགས་པ་ཕན་ཚུན་དབར་བསམ་ཚུལ་མ་མཐུན་པ་ཡོད་པ་དེ་ཚོ་སེལ་ཐབས་སུ་ཚོགས་འདུ་ཡང་སེ་ཚུགས་ཀྱི་ཡོད་སྐོར་བརྗོད་འདུག།

རྡ་ཧལ་དང་མཉམ་དུ་མའོ་ཚོགས་པའི་ཕྱི་འབྲེལ་ཚན་པའི་སྤྱི་ཁྱབ་ཀིརིཤ་ན་སྦ་ཧ་རྡུར་མ་ཧར་དང་ལས་རོགས་མཐོ་གྲས་ཁག་ཅིག་ཡོད་པ་དང༌།

རྡ་ཧལ་དང་མཉམ་དུ་རྒྱ་ནག་ལ་བསྐྱོད་མཁན་མའོ་ཚོགས་པའི་ཨག་ནི་སབ་ཀོ་ཏ་ཡིས་རྡ་ཧལ་ཡིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་དང་ཐུག་འཕྲད་བྱ་རྒྱུའི་སྐོར་གནས་ཚུལ་ཁ་གསལ་མ་བརྗོད་པར། ཚོགས་འདུའི་སྐབས་ཕྱོགས་ཕན་ཚུན་དབར་གྲོས་མོལ་བྱ་རྒྱུ་ཡིན་སྐོར་གནམ་ཐང་དུ་གསར་འགོད་པར་འགྲེལ་བརྗོད་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎