བལ་ཡུལ་ཉེན་རྟོག་པས་ཆུ་བཞི་སྒང་དྲུག་གི་འོས་སྒམ་བཙན་འཕྲོག

བལ་ཡུལ་ནང་ཉེན་རྟོག་མི་སྣས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་ཀྱི་འོས་བསྡུའི་འོས་སྒམ་བཙན་འཕྲོག་བྱས་ཡོད་འདུག

2011.02.13

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་ནང་མདོ་སྟོད་མི་མང་གིས་ཆུ་བཞི་སྒང་དྲུག་ཚོགས་པའི་དབུས་རྒྱུན་ལས་རྣམས་འོས་འདེམས་བྱེད་བཞིན་པའི་སྐབས་ བལ་ཡུལ་གྱི་ཉེན་རྟོག་པས་གློ་བུར་དུ་འོས་སྒམ་རྣམས་བཙན་འཕྲོག་བྱས་ཡོད་པའི་སྐོར་བོད་ཀྱི་བང་ཆེན་གྱིས་གནས་ཚུལ་སྤེལ་འདུག བོད་མིའི་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་གང་སར་མདོ་སྟོད་མི་མང་ཚོས་ཉིན་བརྒྱ་དུས་གཅིག་ལ་ཆུ་བཞི་སྒང་དྲུག་ཚོགས་པའི་དབུས་རྒྱུན་ལས་སྐབས་བཅུ་དགུ་པ་མང་གཙོའི་ལམ་སྲོལ་ལྟར་འོས་འདེམས་བྱེད་བཞིན་པའི་སྐབས་ བལ་ཡུལ་གྱི་རྒྱལ་སའི་ཀཐ་མན་གྲུའི་ཉེ་འཁོར་བོད་མི་འདུས་སྡོད་བྱེད་ཡུལ་མཆོད་རྟེན་ཁུལ་དང་ ཧྭོར་བྭ་ཏན་ཇྭོ་ལ་ཁེལ་ས་གནས་བཅས་སུ་གློ་བུར་ས་གནས་གྱི་ཉེན་རྟོག་པ་ཡོང་ནས་འོས་སྒམ་རྣམ་བཙན་འཕྲོག་བྱས་ཡོད་འདུག དེའི་གོང་ལ་འདི་ལོ་ཕྱི་ཟླ་བཅུ་པའི་ནང་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་དང་ སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཡང་བལ་ཡུལ་གྱི་ས་གནས་ཁག་ཅིག་ནས།་གཞུང་གི་ཉེན་རྟོག་པཔ་འོས་སྒམ་བཙན་འཕྲོག་གིས་གཞུང་བཞེས་བཏང་བ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎