བལ་ཡུལ་ནི་ས་ཡོམ་གྱི་ཉེན་ཚབས་ཆེ་ཤོས་ཡིན་སྐོར།

བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་ནི་ས་ཡོམ་གྱི་ཉེན་ཚབས་ཆེ་ཤོས་ཤིག་ཡིན་སྐོར་ཚན་རིག་པ་ཚོས་སྔོན་བརྡ་བཏང་འདུག

༄༅༎རེས་གཟའ་ཉི་མའི་ཉིན་བལ་ཡུལ་ནང་སོ་ཡོམ་བརྒྱབ་པའི་ས་ཁུལ་ཁག་ནང་ཉེན་སྐྱོབ་ལས་དོན་སྤེལ་བཞིན་པའི་སྐབས་འདིར་ ཚན་རིག་པ་ཚོས་རྒྱལ་ས་ཀཐ་མན་གྲུ་ནི་ས་ཡོམ་གྱི་ཉེན་ཚབས་ཆེ་ཤོས་ཤིག་ཡིན་སྐོར་སྔོན་བརྡ་བཏང་འདུག ཚན་རིག་པ་ཚོས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་ནི་འཛམ་གླིང་ནང་ནས་ས་ཡོམ་གྱི་འཇིཌ་པ་ཡོང་རྒྱུའི་ས་ཆ་ཉེན་ཁ་ཆེ་ཤོས་དེ་ཡིན་པ་དང་གལ་ཏེ་རྒྱལ་ས་འདིའི་ནང་ས་ཡོམ་གྱི་འཇིཌ་པ་བྱུང་ཚེ་མི་མང་སྟོང་ཚོ་མང་པོ་རྐྱེན་ལམ་དུ་འགྲོ་རྒྱུ་མ་ཟད་ འབྱུང་བའི་རྐྱེན་ངན་འདི་ནས་ཚེ་སྲོག་མཐར་བའི་མི་མང་རྣམས་ལ་ཡང་རྒྱལ་སྤྱིའི་རོགས་སྐྱོར་མ་ཐོབ་པར་གནས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག དབྱིན་ཇིའི་ས་གཤིས་རིག་པ་བ་ཌེལྦ་པེཏ་ལི་ཡིས་ད་རེས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་བལ་ཡུལ་ནང་མི་གྲངས་༨་ཙམ་རྐྱེན་ལམ་དུ་ཕྱིན་པ་དེས་མི་ཚོཌ་ཧ་ཅང་ཆེ་བ་དང་མི་གྲངས་ས་ཡ་གཉིས་ལྷག་གི་ཁྱིམ་ཚང་ཡོད་ཀྱང་འཛམ་གླིང་ཕྱི་ཕྱོགས་དང་འབྲེལ་མཐུད་བྱེད་མཁན་ལམ་བུ་གསུམ་དང་གནམ་ཐང་གཅིག་ལས་མེད་པའི་རྒྱལ་ས་ཀཐ་མན་གྲུར་གཉིད་སད་བཅུཌ་པའམ་གྲུང་པོ་བཟོས་སྐོར་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་སེམས་འཕྲལ་ཆེ་ཤོས་བྱ་ཡུལ་དེ་དག་ནི་བལ་ཡུལ་གྱི་དབུས་དང་ནུབ་ཕྱོཌ་ཁུལ་ཡིན་པ་དང་དུས་ཡུན་རིང་པོར་ས་གནས་དེ་དག་ལ་ས་ཡོམ་བྱུང་མེད་ན་ཡང་ ས་ཁུལ་དེ་ནི་ས་ཡོམ་བྱུང་ཉེན་ཆེ་བའི་ས་ཁུལ་ཞིག་ཡིན་སྐོར་གཟའ་ཉི་མའི་ཉིན་ཧི་མ་ལ་ཡའི་ཁུལ་དུ་ས་ཡོམ་འགུལ་ཚད་༦་དང་ཚཌ་༩་བྱས་པ་ཞིག་རྒྱབ་པའི་རྐྱེན་གྱིས་ཡུལ་དེའི་ནང་གི་ཁང་པ་བརྒྱ་ཕྲག་མང་པོ་བརྡིབ་སྐྱོན་བྱུང་བའི་རྗེས་སུ་ཕ་རན་སིའི་གསར་ལས་ཁང་ལ་གསུངས་འདུག བལ་ཡུལ་ནི་ས་ཡོམ་རྒྱབ་ཉེན་ཆེ་བའི་ཁུལ་དུ་ཆཌ་ཡོད་ཅིང་ ཉེ་བའི་ལོ་བརྒྱ་ཕྲག་འགའ་ཤས་རིང་ཆ་སྙོམ་ཐོག་ནས་ལོ་༧༧་རེའི་མཚམས་སུ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ནང་ས་ཡོམ་ཆེ་ཁག་རེ་བརྒྱབ་ཡོད་པ་དང་ལོ་༧༧་གོང་ལ་རྒྱལ་སའི་ནང་ས་ཡོམ་འགུལ་ཚད་༨་བྱས་པ་ཞིག་རྒྱབ་པའི་རྐྱེན་གྱིས་ཀཐ་མན་གྲུའི་ནང་གི་ཁང་པ་བཞི་ཆ་གཅིག་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org