བལ་ཡུལ་རྒྱ་མིའི་གཞུང་ཚབ་མདུན་ངོ་རྒོལ་བྱ་རྒྱུར་བཀག་འགོག

བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་མི་ཚོས་ངོ་རྒོལ་བྱ་རྒྱུར་བལ་ཡུལ་གཞུང་གིས་བཀག་འགོག་གནང་རྒྱུ་ཐག་ཆོད།

2009.02.28

༄༅༎རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཆེན་མོ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་ཧ་ཅང་ཚོར་རྣོར་ཅན་གྱི་དུས་དྲན་གྱི་གནས་ཚུལ་ལ་གཞིགས་ཏེ་དུས་དྲན་གྱི་སྔོན་ཚུད་ནས་བལ་ཡུལ་གྱི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུ་བལ་ཡུལ་གཞུང་གིས་བཀག་འགོག་གནང་རྒྱུ་ཐག་གཅོད་གནང་ཡོད་པ་རེད།

བལ་ཡུལ་གྱི་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ན་ལྦིན་གི་མིར་ཡིས་ཁ་ས་གསར་འགོད་པ་ཚོར་བརྗོད་གསལ་ལྟར་ན་བལ་ཡུལ་གྱི་རྒྱལ་སའི་ནང་རྒྱ་ནག་གི་གཞུངུ་ཚབ་ཆགས་སའི་ས་ཁུལ་ལ་བོད་མི་ཚོས་ངོ་རྒོལ་ལས་འགུལ་བརྩམ་རྒྱུར་བཀག་འགོག་བྱ་རྒྱུའི་དམ་བསྒྲགས་དེ་བཞིན་བལ་ཡུལ་གྱི་རྒྱལ་སའི་ས་གནས་སྲིད་གཞུང་གིས་བཀོད་ཁྱབ་གནང་བ་ཡིན་པ་དང་བཀའ་རྒྱ་དེ་བཞིན་དུས་ཚོད་ངེས་མེད་བར་དུ་གནས་རྒྱུ་ཡིན་པ་རེད། གནད་དོན་ཞིབ་འཇུག་མཁན་ཚོས་བརྗོད་བཞིན་པར་ལྟར་ན་མའོ་ཚོགས་པས་སྣེ་འཁྲིད་པའི་བལ་ཡུལ་གྱི་མནའ་སྦྲེལ་སྲིད་གཞུང་གིས་བོད་མིའི་ཞི་བའི་ལས་འགུལ་ཐོག་ལ་བཀག་འགོག་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་བལ་ཡུལ་ལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་སྤྲོད་མཁན་རྒྱ་ནག་གཞུང་ལ་ཞོད་འཇགས་གཏང་རྒྱུའི་ཐབས་བྱུས་ཤིག་ཡིན་པ་རེད། ན་ནིང་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་དང་བོད་མིའི་རང་དབང་དང་ཐོབ་ཐང་ཐོག་ལ་མུ་མཐུད་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ཐད་ལ་ཞི་བའི་ངོ་རྒོལ་ལས་འགུལ་རྩམ་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་ཆེས་ལྕི་བའི་དྲག་གནོན་བྱས་པར་བལ་ཡུལ་གྱི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་སེར་སྐྱ་ཡོངས་ཀྱིས་བལ་ཡུལ་གྱི་རྒྱལ་སའི་ནང་གི་རྒྱ་ནག་གི་གཞུང་ཚབ་མདུན་དུ་ཉིན་ལྟར་རེ་བཞིན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བརྩམས་ཡོད་པ་དང་སྐབས་དེར་བལ་ཡུལ་གྱི་པུ་ལི་སིས་བོད་མི་ཁྱོན་ཆེན་འཛིན་བཟུང་མ་བྱས་སྔོན་ལ་ཉེས་བརྡུང་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎