བལ་ཡུལ་དུ་ཡུལ་བསྐོར་སྤྲོ་འཆམ་ཡོང་མཁན་མང་དུ་ཕྱིན།

ཡུལ་བསྐོར་སྤྲོ་འཆམ་ཡོང་མཁན་ཧ་ཅང་མང་པོ་བྱུང་འདུག་པ་དང་རྒྱ་གར་དང་རྒྱ་ནག་ནས་ཡོང་མཁན་གྱི་གྲངས་འབོར་འཕར་ཆ་ཆེན་པོ་བྱུང་འདུག

2011.01.04

༄༅༎སྔ་ལོ་བལ་ཡུལ་ནང་ཡུལ་བསྐོར་སྤྲོ་འཆམ་ཡོང་མཁན་ཧ་ཅང་མང་པོ་བྱུང་འདུག་པ་དང་ རྒྱ་གར་དང་རྒྱ་ནག་ནས་ཡོང་མཁན་གྱི་གྲངས་འབོར་འཕར་ཆ་ཆེན་པོ་བྱུང་ཡོད་པ་བལ་ཡུལ་གཞུང་གིས་ཟིན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་བཀོད་ཡོད་པ་རེད།

བལ་ཡུལ་གྱི་ཡུལ་འཁོར་སྤྲོ་འཆམ་ལས་དོན་ཁང་གིས་ ཕྱི་ལོ་༢༠༡༠ལོ་དེའི་ནང་ཁྱོན་བསྡོམས་བལ་ཡུལ་དུ་ཕྱི་རྒྱལ་ཡུལ་འཁོར་སྤྲོ་འཆམ་པ་ ༤༤༨,༧༦༩ཙམ་སླེབས་ཡོད་པ་དེ་ནི་ ཕྱི་ལོ་༢༠༠༩འི་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་གྲངས་འབོར་ལས་བརྒྱ་ཆ་བཅོ་ལྔས་མང་བ་ཡིན་འདུག་ཅིང་ འདི་ནི་བལ་ཡུལ་གཞུང་གིས་འདས་པའི་བལ་ཡུལ་གྱི་ནང་འཁྲུག་གི་དུས་ཡུན་རིང་བལ་ཡུལ་གྱི་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་གཞིར་དོ་ཕོག་ཆེན་པོ་ཐེབས་ཡོད་པ་དེ་ད་ཆ་ཉམས་གསོ་བྱུང་བཞིན་པའི་མཚོན་རྟགས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

བལ་ཡུལ་གཞུང་གིས་ཕྱི་ལོ་༢༠༡༡ལོར་བལ་ཡུལ་ནང་ཡུལ་བསྐོར་སྤྲོ་འཆམ་པ་ས་ཡ་གཅིག་ཙམ་སླེབས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ན་ཡང་ ཡོ་རོབ་དང་ཨ་མི་རི་ཀ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བལ་ཡུལ་དུ་འཕུར་མཁན་གྱི་གནམ་གྲུ་ཐད་ཀར་མེད་པ་དེས་བལ་ཡུལ་གྱི་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་གཞིར་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད་པར་བལ་ཡུལ་གཞུང་གི་མི་སྣས་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང་ འོན་ཀྱང་བལ་ཡུལ་ཁྱོན་ཡོངས་ཀྱི་ནང་རྒྱལ་སྤྱིའི་གནམ་གྲུའི་བབས་ཐང་གཅིག་ལས་མེད་པ་དང་ བལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་ད་དུང་ཡང་བརྟན་ལྷིངས་མེད་པ་སོགས་ཀྱི་རྐྱེན་པས་ རེ་བ་བྱེད་བཞིན་པ་ལྟར་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་ཚད་འཕར་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་༢༠༡༠ལོའི་ནང་བལ་ཡུལ་དུ་ཡོང་མཁན་གྱི་རྒྱ་གར་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་ཚད་ལྡབས་གཅིག་ཙམ་གྱི་མང་དུ་ཕྱིན་སྟེ་ ཁྱོན་བསྡོམས་འདས་པའི་ལོ་དེའི་ནང་རྒྱ་གར་ཡུལ་བསྐོར་སྤྲོ་འཆམ་པ་༡༡༡,༥༡༢བལ་ཡུལ་དུ་སླེབས་འདུག་ཅིང་ཡང་༢༠༡༠ལོ་དེའི་ནང་རྒྱ་མི་ཡུལ་བསྐོར་སྤྲོ་འཆམ་པ་༣༧༥༦༧ཙམ་བལ་ཡུལ་དུ་སླེབས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎