བལ་ཡུལ་གྱིས་བོད་མི་དྲུག་འཛིན་བཟུང་བཀག་ཉར།

བལ་ཡུལ་གྱིས་བོད་ནས་བྲོས་བྱོལ་དུ་བསྐྱོད་མཁན་བོད་མི་དྲུག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག༎

༄༅༎རང་ལོ་༡༦ནས་༢༧བར་ཡིན་པའི་སྐྱེས་པ་དྲུག་པོ་དེ་དག་རྒྱལ་ས་ཐཀྨན་གྲུའི་བྱང་ཤར་སུ་ཀི་ལོ་མི་ཊར་༡༢༠སར་ས་མཚམས་ཀྱི་གྲོང་གསེབ་ཤིག་བརྒྱུད་འཛུལ་ཞུགས་བྱེད་སྐབས་ཉེན་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་པ་ལུགས་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན་ བོད་མི་དེ་དག་རེས་གཟའ་མིག་དམར་ཐོ་རེངས་ས་མཆམས་སུ་འཛིན་བཟུང་གིས་ཕྱི་མི་ལས་གཞིས་སྤོ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་སྐོར་རྡོ་ལ་ཁ་རྫོང་གི་ཉེན་སྲུང་སྤྱི་ཁྱན་གཞོན་པ་ཨུ་མེ་ཤེ་རཇེ་ཇོ་ཤི་ཡིས་འགྲེལ་བརྗོད་བྱས་འདུག། བོད་ནས་བལ་ཡུལ་བརྒྱུད་གྲོས་བྱོལ་བ་ཚོ་བལ་ཡུལ་གཞུང་དང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཟུང་འབྲེལ་ཞིབ་འཇུག་གནང་རྗེས་རྒྱ་གར་ལ་བཏང་གི་ཡོད་རུང་ཕྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་གྱི་རྗེས་སུ་ས་མཚམས་སུ་དམ་བསྒྲགས་ཆེན་རུ་བཏང་ནས་ས་མཚམས་སུ་བོད་མི་འཛིན་བཟུང་དང་ཕྱིར་ལོག་བྱས་པ་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་ད་བར་ཇི་ཙམ་འཛིན་བྱས་པ་དང་ཕྱིར་ལོག་བྱས་པའི་གྲངས་འབོར་ཁ་གསལ་མེད་པ་རེད། བལ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་དམ་བསྒྲགས་བྱེད་རྒྱུར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཞུགས་དང་རྒྱུ་དངོས་ཀྱི་མཐུན་གྱུར་ཡོང་སྦྱར་གྱི་ཡོད་རེད༎