བལ་ཡུལ་སྲིད་བློན་ཟླ་འདིའི་ཟླ་མཇུག་ཏུ་དགོངས་ཞུ་གནང་འཆར།

བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ལས་གནས་ནས་དགོངས་ཞུ་དང་སྲིད་བློན་དགོངས་ཞུ་གནང་རྒྱུ།

2012.05.05

༄༅༎བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ལས་གནས་ནས་དགོངས་ཞུ་དང་། སྲིད་བློན་ཟླ་འདིའི་ཟླ་མཇུག་ནང་དགོངས་ཞུ་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། སྲིད་བློན་ལྦ་ཊ་རའེ་མཆོག་གིས་བདུན་འདིའི་གཟའ་མཇུག་ནང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གི་མི་སྣ་ལས་གྲུབ་པའི་བློན་ཆེན་ལྷན་ཚོགས་གསར་པ་ཞིག་འདེམས་སྒྲུག་གནང་ནས་ཡུལ་གྱི་རྩ་ཁྲིམས་གསར་པ་དེ་འདི་ཟླའི་ཚེས་ ༢༧ ཉིན་ཟིན་བྲིས་གནང་ཟིན་པ་གནང་རྒྱུ་ཡིན་པ་རེད། ཡུལ་གྱི་རྩ་ཁྲིམས་གསར་པ་ཟིན་བྲིས་གནང་ཟིན་པའི་རྗེས་ད་ལྟའི་ཡུལ་གྱི་ལས་ཐོག་སྲིད་བློན་སྦ་སྦུ་རམ་བ་ཊ་རའེ་ལས་གནས་ནས་དགོངས་ཞུ་གནང་ནས་སྲིད་དབང་གཞུང་གསར་པ་ཞིག་ལ་རྩིས་སྤྲོད་གནང་རྒྱུ་ཡིན་པ་རེད་ཅེས་སྲིད་བློན་མཆོག་གི་མགྲིན་ཚབ་པ་སྐུ་ཞབས་རཱམ་རི་ཇན་ཡ་རྡལྦ་ཡིས་གསུངས་འདུག
གོང་ཞུས་བལ་ཡུལ་གྱི་གཞུང་ནང་གི་སྲིད་དོན་གྱི་བསྒྱུར་བཅོས་དེར་ཐེ་རྟོག་ཡོད་མཁན་དམར་ཤོག་ United Marxist Leninist  ཚོགས་པའི་འགོ་འཁྲིད་སྐུ་ཞབས་བིམ་ར་ལྦལ་ཡིས་བལ་ཡུལ་གྱི་གཞུང་གསར་པ་དེའི་ལས་དོན་གཙོ་བོ་ནི་རྩ་ཁྲིམས་དུས་བཀག་ནང་ཚུད་ཚར་བ་གནང་རྒྱུ་དེ་ཡིན་པ་རེད་ཅེས་གསུངས་འདུག ད་ཐེངས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་གཞུང་འཛིན་གནང་ཕྱོགས་ཐོག་བསྒྱུར་བ་བཏང་གནང་བ་དེས་ཡུལ་ནང་སྲིད་དོན་གྱི་དཀའ་རྙོག་མི་འབྱུང་བའི་ཆེད་དམིགས་པ་ཞིག་ཡིན་པ་རེད།          
བལ་ཡུལ་གྱི་བར་འགལ་གྱི་གྲོས་ཚོགས་དེ་ཕྱི་ལོ་ ༢༠༠༨ ལོར་འོས་འདེམས་བྱུང་ནས་ལོ་ངོ་གཉིས་ནང་ཚུད་རྩ་ཁྲིམས་གསར་པ་བཟོས་ཟིན་པ་གནང་དགོས་ཀྱི་ཡོད་ནའང་དེར་ཐེངས་མང་རིང་དུས་འགྱངས་བྱེད་དགོས་བྱུང་ཡོད་པ་རེད།  ཡིན་ནའང་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ད་ཆ་གོང་ཞུས་ཀྱི་དུས་འགྱངས་དེ་ཆོག་མིན་གྱི་བཀའ་རྒྱ་བཏང་ཡོད་པ་རེད། སྲིད་བློན་བ་ཊ་རའེ་མཆོག་གི་གཞུང་དེ་སྔ་ལོ་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆུང་ཁག་གི་རྒྱབ་སྐྱོར་འོག་འཛུགས་པ་ཞིག་ཡིན་པ་རེད། བལ་ཡུལ་གྱི་རྩ་ཁྲིམས་གསར་པ་དེ་དུས་ཐོག་ཟིན་བྲིས་གནང་ཟིན་པ་གནང་རྒྱུ་དེ་དཀའ་བའི་རང་བཞིན་ཞིག་དང་། རྩ་ཁྲིམས་གསར་པ་དེའི་ནང་མངའ་སྡེ་ཁག་ཆ་བགོས་ཇི་འདྲ་གནང་རྒྱུ། དེ་མིན་གཞུང་གི་འགོ་འཁྲིད་གསར་པ་སུས་བྱེད་ཀྱི་ཡོད་མེད་ཀྱི་དཀའ་རྙོག་དེ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎