རང་བཞིན་འབྱུང་བའི་རིགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ།

འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱིས་རང་བཞིན་འབྱུང་བའི་གོད་ཆགས་འགོག་ཐབས་ཀྱི་ཐབས་བྱུས་ལས་འགུལ་ལ་དཀའ་རྙོག།

2009.12.16

༄༅༎འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ནང་རང་བཞིན་འབྱུང་བའི་གོད་ཆགས་འགོག་ཐབས་ཀྱི་ཐབས་བྱུས་ལས་འགུལ་ཐོག་ལ་དཀའ་རྙོག་བཟོ་གི་ཡོད་ལུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གི་གནམ་གཤིས་བརྟག་ཞིབ་ཁང་གི་སྤྱི་ཁྱབ་དྲུང་ཆེ་མའེ་ཁལ་ཇ་རོདྲ་གྱིས་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་ནང་འཛོམས་པའི་གནམ་གཤིས་ཀྱི་ཆེས་མཐོའི་

ཚོགས་འདུའི་ཐོག་ལ་ཁ་ས་ཉེན་བརྡའི་ཚུལ་དུ་གསལ་བསྒྲགས་གནང་ཡོད་པ་རེད་

ཁོང་གིས་ཚོགས་ཆེན་དེ་གའི་ནང་ཞུགས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་རང་བཞིན་འབྱུང་བའི་རིགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དངོས་འབྲེལ་རེད་ འོན་ཀྱང་རང་བཞིན་འབྱུང་བའི་གོད་ཆགས་མི་ཡོང་སྔོན་འགོག་བྱེད་པར་འདས་པའི་དུས་སྐབས་ཀྱི་གནམ་གཤིས་དང་རང་འབྱུང་གི་ཆག་སྒོའི་གནས་ཚུལ་རྣམས་ཞིབ་ཚགས་དང་འདེང་ངེས་བཞིན་པ་མེད་པའི་དབང་གིས་ཐུགས་ཕན་གསོས་ཀྱི་ཡོད་པ་མ་རེད་ཅེས་ཉེན་བརྡ་བཏང་གནང་ཡོད་པ་རེད་ ཡིན་ནའང་རང་འབྱུང་གི་ཆག་སྒོ་མི་ལངས་གོང་ནས་སྔོན་བརྡ་སྤྲོད་ཐུབ་པ་བྱུང་ཕྱིན་ཆད་ལ་མི་ཤི་རྐྱེན་ངན་རིགས་ཉུང་དུ་འགྲོ་གི་ཡོག་རེད་ཅེས་རང་འབྱུང་གི་གོད་ཆགས་ཉུང་དུ་གཏོང་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པའི་དམིགས་བསལ་སྐུ་ཚབ་ལྕམ་མཱར་གེ་རེ་ཊ་ལྦལ་སི་ཀྲོརོམ་གྱིས་གསུངས་ཡོད་པ་རེད་ ཡིན་ནའང་ཕྱི་ལོ་༡༩༨༠འི་སྐབས་ནས་བཟུང་རང་འབྱུང་གི་གནོད་འཚེས་མི་རྒྱུ་ཟོག་དང་བཅས་པར་གྱོང་གུན་གཏོང་བའི་ཆག་སྒོའི་རིན་པ་ཧ་ལས་པའི་མགྱོགས་ཅིང་ཉེན་ཚབས་ཆེ་རུ་འགྲོ་གི་ཡོག་རེད་ཅེས་ལྕམ་མཱར་གེ་རེ་ཊ་ལྦལ་སི་ཀྲོརོམ་གྱིས་ནན་བརྗོད་གནང་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎