རྒྱ་ནག་གཞུང་གིས་བོད་མི་ནམ་མཁའ་ལགས་ལ་ལོ་ལྔ་ཡི་བཙོན་མཇུག་ཁྲིམས་ཐག་བཅད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

2022.05.03
རྒྱ་ནག་གཞུང་གིས་བོད་མི་ནམ་མཁའ་ལགས་ལ་ལོ་ལྔ་ཡི་བཙོན་མཇུག་ཁྲིམས་ཐག་བཅད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ཨ་རོང་གྲོང་ཚོ་ནས་ཡིན་པ། བོད་མི་ནམ་མཁའ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག་ལོ་༥དང་ཟླ་༣གྱི་ཁྲིམས་ཐག་བཅད་འདུག
Photo: RFA

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ཨ་རོང་གྲོང་ཚོ་ནས་ཡིན་པ། བོད་མི་ནམ་མཁའ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག་ལོ་༥དང་ཟླ་༣གྱི་ཁྲིམས་ཐག་བཅད་འདུག་པ་དང། ཁོང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོའི་ལོ་སྟོད་ཙམ་ལ་འཛིན་བཟུང་གིས་ད་ལྟའི་བར་ལོ་༤་ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་ལ་ཁྲིམས་ཐག་བཅད་ཡོད་པ་ཙམ་ལས་གཞན་ས་གནས་གང་དུ་བཙོན་མཇུག་བྱས་ཡོད་དང་། ཁོང་གི་གནས་སྟངས་ག་འདྲ་ཡིན་དང་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོག་མེད་པར་ལྷག་ཡོད་སྐོར་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་ནམ་མཁའ་ལགས་སུ་ནང་མི་དང་ཁྱིམ་ཚང་ཞེས་པར། ཡུལ་འཁྱམ་ལྟ་བུ་བྱས་ཏེ་བསྡད་ཡོད་སྟབས། ཁོང་བཙོན་མཇུག་བྱས་རྗེས་ལྟ་རྟོག་བྱེད་མཁན་དང་ཐུག་འཕྲད་བྱེད་མཁན་མེད་པས། ས་གནས་ཡུལ་མི་ཚོས་རོགས་རམ་བྱེད་ཐབས་བྱས་ཀྱང་། ཁོང་གི་ཉེ་འབྲེལ་དང་ནང་མི་རིགས་མིན་པས་རྒྱ་ནག་གཞུང་གིས་གནས་ཚུལ་གང་ཡང་མཁོ་སྤྲོད་དང་གསལ་བཤད་བྱེད་ཀྱི་མེད་འདུག་ལ། ཁོང་ཕྱི་ལོ་༢༠༡༨ལོར་འཛིན་བཟུང་གིས་ཕྱིས་སུ་ཞོ་ཁ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་གསང་བ་ཕྱིར་གྱར་གྱི་ཉེས་མིང་གཡོག་སྟེ་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གསང་བ་ག་རེ་ཕྱི་ལ་གྱར་ཡོད་རིགས་གསལ་ཁ་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་དུས་རྒྱུན་ཕྱི་ཕྱོགས་དང་ལྷག་པར་དུ་བཙན་བྱོལ་དུ་འབྲེལ་བ་བྱེད་མཁན་ཚོར་གསང་བ་ཕྱིར་གྱར་དང་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་སྣ་ཚོགས་གཡོག་སྟེ། གང་བྱུང་ཉེས་ཆད་དང་བཙོན་མཇུག་བཀག་ཉར་བྱེད་བཞིན་ཡོད་པ་རེད་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་ནམ་མཁའ་ལགས་ལ་མཚོན་ན་ནང་མི་དང་ཁྱིམ་ཚང་ཞེས་མེད་པས་གཞན་ལ་གཡོག་ལས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད་པ་དང། ཁོང་ནི་ནམ་རྒྱུན་མི་ཡ་རབས་ཚུལ་ལྡན་ཞིག་ཏུ་ངོས་འཛིན་བྱེད་པ་ལས། རྒྱལ་ཁབ་ཀྱི་གསང་བ་སོགས་ཕྱིར་གྱར་གྱི་ནུས་པ་ཡོད་མཁན་དང་ཤེས་ཡོན་ཅན་གང་ཡང་མིན་སྐོར་བརྗོད་བྱུང་།

ནམ་མཁའ་ལགས་ནི་འདི་ལོ་རང་ལོ་༦༠ཡས་མས་ཡིན་པའི་དགུང་ན་ཅུང་དགྲེས་བོ་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཡུས་ལོ་དང་མ་མིང་ལ་སྐྱིད་ཉི་མ་དང་།ཕ་མ་གཉིས་སྔ་མོ་ནས་འདས་གྲོངས་སུ་སོང་ཡོད་པ་དང་། ཁོང་ལ་གཟའ་ཟླ་དང་བུ་ཕྲུག་གང་ཡང་མེད་པར་ནམ་རྒྱུན་གཏན་སྡོད་ཀྱི་གནས་མེད་པར། གཡོག་ལས་དང་འཁྱམ་ཉུལ་གྱི་འཚོ་བ་སྐྱེལ་ནས་ཡོད་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎