ཨ་རི་དང་བྱང་ཀོ་རི་ཡའི་དབར་གྲོས་མོལ་ཆེད་སྔོན་འགྲོའི་གོ་བསྡུར་བྱེད་བཞིན་འདུག


2018.05.31
ཨ་རིའི་ཕྱི་སྲིད་དྲུང་ཆེ་ (Mike Pompeo) དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་སྐུ་ཚབ་ (Kim Yong Chol) རྣམ་གཉིས་དབར་མཇལ་མོལ། ༢༠༡༨།༥།༣༡ ཨ་རིའི་ཕྱི་སྲིད་དྲུང་ཆེ་ (Mike Pompeo) དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་སྐུ་ཚབ་ (Kim Yong Chol) རྣམ་གཉིས་དབར་མཇལ་མོལ། ༢༠༡༨།༥།༣༡
AP

བྱང་ཀོ་རི་ཡའི་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུུར་དམིགས་ཏེ་འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་ཨ་རི་དང་བྱང་ཀོ་རི་ཡའི་འགོ་འཁྲིད་གཉིས་དབར་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་པ་དེའི་སྔོན་འགྲོའི་གྲ་སྒྲིག་གི་ཆེད་ཚེས་༣༠་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ (Mike Pompeo) དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་སྐུ་ཚབ་ (Kim Yong Chol) རྣམ་གཉིས་དབར་གོ་བསྡུར་འགོ་འཛུགས་གནང་འདུག
ཨ་རིའི་སྲིད་འཛིན་ (Donald Trump) དང་། བྱང་ཀོ་རི་ཡའི་འགོ་ཁྲིད་ (Kim Jong-Un) རྣམ་གཉིས་དབར་གྱི་ཆེས་མཐོའི་མཇལ་འཕྲད་གྲོས་མོལ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་སིང་གྷ་པུར་དུ་གནང་སྲིད་པ་ཡིན་ཞིང༌། མཇལ་འཕྲད་གྲོས་མོལ་དེའི་སྔོན་འགྲོའི་གྲ་སྒྲིག་དང༌། དེ་བཞིན་མཇལ་འཕྲད་དེའི་སྐབས་ཀྱི་གྲོས་གཞི་སོགས་གཏན་འབེབས་བྱེད་ཆེད་ཨ་རི་དང་བྱང་ཀོ་རི་ཡའི་སྐུ་ཚབ་རྣམ་པའི་དབར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་ས་གནས་ (Panmunjom) དུ་ཉིན་ཤས་རིང་ལྷན་འཛོམས་ཀྱིས་གོ་བསྡུར་སྦྱང་བཤད་གནང་འདུག་ལ། ཚེས་༣༠་ཉིན་བྱང་ཀོ་རི་ཡའི་དཔོན་རིགས་མཐོ་གྲས་དང༌། རྒྱལ་ཁབ་དེའི་འགོ་འཁྲིད་ (Kim Jong-Un) དང་སེམས་ཐག་ཉེ་པོ་ཡོད་པའི་ (Kim Yong Chol) ཟེར་བ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འབྱོར་ཏེ། ཁོང་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ (Mike Pompeo) རྣམ་གཉིས་དབར་གྲོས་མོལ་འགོ་འཛུགས་གནང་ཡོད་པ་མ་ཟད། ཁོང་རྣམ་གཉིས་ཀྱིས་ཚེས་༣༡་ཉིན་ཡང་གྲོས་མོལ་མཇུག་སྐྱོང་གནང་རྒྱུ་ཡིན་འདུག
ད་ལམ་(Kim Yong Chol) གྲོང་ཁྱེར་ནིའུ་ཡོག་ཏུ་འབྱོར་བ་དེ་ནི་འདས་པའི་མི་ལོ་ ༡༨ ནང་བྱང་ཀོ་རི་ཡའི་དཔོན་རིགས་མཐོ་གྲས་ཤིག་ཨ་རིའི་ནང་འབྱོར་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། འདི་ལྟ་བུའི་དཔོན་རིགས་མཐོ་གྲས་ཤིག་སྔོན་འགྲོའི་གྲ་སྒྲིག་གི་གོ་བསྡུར་ཆེད་མངགས་རྫོངས་བྱས་པ་དེ་ཡིས། ཨ་རིའི་སྲིད་འཛིན་(Donald Trump) དང་བྱང་ཀོ་རི་ཡའི་འགོ་ཁྲིད་ (Kim Jong-Un) རྣམ་གཉིས་ཀྱི་ཆེས་མཐོའི་མཇལ་འཕྲད་གྲོས་མོལ་དེ་སྔོན་འཆར་ལྟར་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཡོང་ཐུབ་པའི་རྟགས་མཚན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
དངོས་སུ་ཡོང་བཟོ་ཡོད་པའི་རྟགས་མཚན་ཞིག་ཡིན་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎