འབར་མའི་གཞུང་གི་ལས་བྱེད་པར་གླ་ཕོགས་སྤར་རྒྱུ།
2010.01.03
༄༅༎འབར་མའི་དྲག་པོའི་གཞུང་གིས་གཞུང་གི་སྲི་བ་ཚོའི་གླ་ཕོགས་སྤར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎
འབར་མའི་དྲག་པོའི་གཞུང་གིས་རྒྱལ་ཁབ་ནང་ཟ་ཆ་སོགས་ཉེར་མཁོའི་དངོས་རིགས་ཀྱི་རིང་གོང་ཆེན་པོ་འཕར་བའི་རྒྱུ་མཚན་ལ་བརྟེན་ནས་གཞུང་གི་སྲི་ཞུ་བ་སྤྱི་དང་ལྷག་དོན་དུ་དམའ་རིམ་ལས་བྱེད་ཚོའི་དཀའ་ངལ་སེལ་ཆེད་གླ་ཕོགས་སྤར་རྒྱུར་ཐག་གཅོད་བྱས་ཡོད་འདུག ཡྭང་དོན་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ གཞུང་གི་སྲི་ཞུ་བ་དམའ་རིམ་ལ་ད་ལྟའི་སྐབས་སུ་ཟླ་རེའི་གླ་ཕོགས་ཡུལ་དེའི་སྒོར་མོ་ཀ་ཡཏེ་༡༥༠༠༠ངམ་ཨ་རིའི་ཌོ་ལར་བཅོ་ལྔ་དང་འབྲིང་རིམ་ལ་ཀ་ཡཏེ་༡༨༠༠༠འམ་ཨ་རིའི་ཌོ་ལར་༨༠ཡོད་པའི་ཁར་ད་ནས་བཟུང་ཟླ་རེར་ཀ་ཡཏེ་༢༠༠༠༠འམ་ཌོ་ལར་ཉི་ཤུ་ཐམ་རེ་སྤར་རྒྱུར་ཐག་གཅོད་གནང་ཡོད་ལུགས་མིང་འདོན་གནང་འདོད་མེད་པའི་དཔོན་རིགས་ཤིག་གིས་གསུངས་ཡོད་འདུག གཞུང་གིས་གླ་ཆ་སྤར་ཆ་རྒྱུའི་སྐོར་ཡོངས་གྲགས་གསལ་བསྒྲགས་གང་ཡང་གནང་མེད་ཀྱང་སྲི་ཞུ་བ་ཚོར་གླ་ཆ་སྤར་རྒྱུའི་ནང་ཁུལ་བརྡ་ཐོ་འབྱོར་ཡོད་ལུགས་འགྲེལ་བརྗོད་བྱས་འདུག་ འཆར་གཞི་གསར་པའི་ནང་ད་ལྟའི་སྐབས་སུ་ཟླ་རེར་ཀ་ཡཏེ་འབུམ་གཅིག་ལས་མཐོ་བ་ཡོད་པའི་ཚོའི་གླ་ཚ་སྤར་ཆ་གནང་མི་འདུག བར་ལམ་ནས་སྲི་བ་མང་ཆེ་བས་གླ་ཆ་མདའ་དྲག་པའི་དཀའ་རྙོག་ཆེན་པོ་ཡོད་པ་བརྟེན་སྲི་ཞུ་བ་དེ་དག་གིས་གཞུང་ལ་ངོ་རྒོལ་རིགས་སྔོན་འགོག་གི་ཆེད་དུ་གླ་ཆ་སྤར་ཡོད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག༎