ཨང་སན་སུ་ཀིས་བཙོན་འཇུག་དེ་ཁྲིམས་འགལ་ཡིན་པ་གསུངས།

འབར་མའི་ལྕམ་ཨང་སན་སུ་ཀི་མཆོག་གིས་ཁོང་ད་བར་བཟང་བཙན་གྱི་གནས་སྟངས་འོག་བཞག་པ་དེ་ནི་ཁྲིམས་འགལ་ཡིན་པ་གསུངས་འདུག

2010.11.18

༄༅༎དེ་རིང་འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨང་སན་སུ་ཀི་མཆོག་གིས་ཉེ་དུས་ཁོང་ལོ་བདུན་རྗེས་བཟང་བཙོན་དོ་དམ་འོག་ནས་གློད་བཀྲོལ་བཏང་བ་དེ་འབར་མའི་དྲག་པོའི་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབང་འཛིན་བྱས་པའི་ལངས་ཕྱོགས་གུ་ཡངས་ཏུ་ཕྱིན་པའི་རྟགས་ཚན་ཞིག་མ་རེད་ཅེས་གསུངས་བཞག

ཨེ་པི་གསར་ལས་ཁང་གིས་ལྕམ་སུ་ཀི་མཆོག་ལ་གནས་འདྲི་ཞུ་སྐབས་ ཁོང་ད་བར་བཟང་བཙན་གྱི་གནས་སྟངས་འོག་བཞག་པ་དེ་ནི་ཁྲིམས་འགལ་ཡིན་པ་དང་ ཉེ་ཆར་གློད་བཀྲོལ་བཏང་ཡག་དེ་ཡང་ཁོང་ཐོག་བཟང་བཙོན་གྱི་ལོ་དུས་བཟོས་པ་དེ་མཇུག་སྒྲིལ་ཟིན་ནས་གློད་བཀྲོལ་གཏོང་དགོས་བྱུང་བ་ལས་དེ་མིན་རྒྱུ་མཚན་གཞན་མེད་པའི་སྐོར་གསུངས་འདུག

ཡང་ལྕམ་སུ་ཀི་མཆོག་གིས་ཁོང་གློད་བཀྲོལ་བྱུང་བའི་རྗེས་དྲག་པོའི་གཞུང་གིས་ཁོང་གློད་བཀྲོལ་ཐད་ལེགས་ཉེས་གང་ཡང་བརྗོད་མེད་སྟབས་ ཁོང་ཚོའི་བསམ་ཚུལ་མཁྱེན་རྟོགས་བྱུང་མེད་སྐོར་གསུངས་བཞག འོན་ཀྱང་ཁོང་གིས་འབར་མའི་ནང་དམངས་གཙོ་སླར་གསོ་བྱུང་བ་མ་གཟིགས་བར་བཞུགས་དགོས་གནང་གི་རེད་ཅེས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎