རྒྱལ་ཡུལ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་གྲུབ་འབྲས།

ད་ལོའི་རྒྱལ་ཡུལ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བྱ་དགའ་དེ་མུན་གོ་ཌེ་པོ་ཏཱ་ལ་རྐང་རྩེད་སྤོ་ལོའི་རུ་ཁག་ཐོབ་བཞག

2009.06.11

༄༅༎ཕྱི་ལོ་ཉིས་སྟོང་དགུ་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཐའ་མ་དེ་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཀྱི་པོ་ཏཱ་ལ་རྐང་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་གར་ལྷོ་ཤར་གྱི་ཅེ་ནའེ་ནས་ཕེབས་པའི་མ་རྡ་ར་སེ་བོད་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་པོས་ཕྱི་ཟླ་དྲུག་པའི་ཚེས་དགུ་ཉིན་ཐོབ་ཤོར་གྱི་འགྲན་བསྡུར་སྐབས་མོན་གོ་ཌེ་པོ་ཏཱ་ལ་རུ་ཁག་གིས་སྤོ་ལོ་ཐེངས་བཞི་བླུག་པ་དང་སློབ་ཕྲུག་ར་ཁག་གིས་སྤོ་ལོ་ཐེངས་གསུམ་བླུག་ཏེ་ཐག་གཅོད་བྱས་ཡོད་པ་རེད། རུ་ཁག་གཉིས་པོའི་རྩེད་འགྲན་པས་འགྲན་བསྡུར་དྲག་པོ་བྱས་ནས་ཕྱོགས་གཉིས་ཀའི་རྩེད་འགྲན་པ་རེ་རེ་འགྲན་བསྡུར་བྱས་པའི་རིང་སྒྲིལ་སྲོལ་ལས་བརྒལ་ནས་ཕྱིར་འབྱུད་བྱས་ཡོད་པ་མ་ཟད་རྩེད་འགྲན་གྱི་དུས་ཡུན་ནར་རྒྱང་ཐེངས་གཉིས་གཏོང་དགོས་བྱུང་ཡོད་པ་རེད། མ་རྡ་ར་སེ་བོད་པའི་སློབ་ཕྲུག་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་བསམ་འཕེལ་གྱིས་རྩེད་འགྲན་རིང་སྤོ་ལོ་བཅུ་དྲུག་བླུག་ནས་རྒྱལ་ཡུམ་ཆེན་པོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བཅོ་ལྔ་པའི་རྩེད་འགྲན་པ་རྩེར་ཕུད་དུ་གྱུར་ཡོད་པ་དང་བོད་ཀྱི་རྩེད་འགྲན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་འགྲན་བསྡུར་གྱི་བྱ་དགའ་དེ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎