ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་ཀྱི་མ་ཡུམ་འདས་གྲོངས་སུ་གྱུར་འདུག


2019.09.28
ཆབ་སྲིད་བཙོན་ཟུར་འཇིེགས་མེད་རྒྱ་མཚོ་ལགས་ཀྱི་མ་ཡུམ་འདས་གྲོངས་སུ་གྱུར་འདུག བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཀྱི་མ་ཡུམ་སྐར་མ་འཚོ་ལགས་སྙིང་ནད་ཀྱི་དབང་གིས་འདས་གྲོངས་སུ་གྱུར་ཡོད་པ་དང་།ཁོང་གིས་དེ་སྔ་བཙོན་ཁང་ནས་ཨ་མ་ལ་ཡི་གེ་ཞིག་བཏང་ཡོད་པ་ཕྱི་ལ་འཐོན་ཡོད་པ།
བོད་ནས་བཏང་འབྱོར།

སྤྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་བྱུང་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་ལ་བརྙན་ལམ་བརྒྱུད་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ཐེངས་མ་བཞི་ལ་འཛིན་བཟུང་དང་ལོ་ལྔ་ལ་བཙོན་འཇུག་བྱས་པ་བརྒྱུད། སྤྱི་ལོ་༢༠༡༦ལོར་གློད་གྲོལ་བཏང་ཡོད་ནའང་ཁོང་ལ་རྒྱ་ནག་གཞུང་གིས་དགོན་པར་ཚོགས་ཞུགས་མི་ཆོག་པ་དང་། གྲྭ་ཆས་གྱོན་མི་ཆོག་པ་སོགས་དམ་དྲག་བསུན་གཙེར་རྒྱུན་མར་བྱེད་བཞིན་པའི་ཁར།ཉེ་ལམ་སྤྱི་ཟླ་༩པའི་ཚེས་༢༣ཉིན་ཁོང་གི་མ་ཡུམ་སྐར་མ་འཚོ་ལགས་སྙིང་གི་ན་ཚས་རྐྱེན་གྱིས་མྱུར་སྐྱོབས་མ་ཐུབ་པར་གློ་བུར་འདས་གྲོངས་སུ་གྱུར་ཡོད་སྐོར་འབྲེལ་ཡོད་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གི་གྲྭ་དགེ་འདུན་ཕུན་ཚོགས་ཀྱིས་འགྲེལ་བརྗོད་གནང་གི་འདུག ཨ་ཁུ་འཇིགས་མེད་རྒྱ་མཚོའི་མ་ཡུམ་སྐར་མ་ལགས་ཀྱི་སྙིང་ནད་དེ་ནི་ཨ་ཁུ་འཇིགས་མེད་བཙོན་འཇུག་གི་ལོ་གསུམ་ཙམ་གྱི་རྗེས་སུ་བྱུང་བ་དང་། སྐབས་དེར་ལན་ཀྲུ་གྲོང་ཁྱེར་གྱི་སྨན་ཁང་ནས་གཤག་བཅོས་བྱ་དགོས་པར་བཤད་ཀྱང་གཤག་བཅོས་གནང་མེད་པ་དང་།འཇིགས་མེད་རྒྱ་མཚོ་བཙོན་གྲོལ་ཐོབ་རྗེས་སོ་སོའི་ཨ་མ་ལ་སྨན་བཅོས་དང་ཨ་མ་མ་གྲོངས་སྔོན་ལྷ་སར་མཇལ་སྐོར་དུ་བསྐྱོད་འདུན་གྱིས་ལོ་གསུམ་ལ་ཉེ་བའི་རིང་རྫོང་སྲིད་གཞུང་དང་ཞིང་ཆེན་རིམ་པར་སྙན་ཞུ་ཡང་ཡང་བརྒྱབས་ཏེ།ཉེ་སྔོན་གཞི་ནས་ཁོང་མ་བུ་གཉིས་ལ་རྒྱ་ནག་གཞུང་གིས་ཉི་མ་ཉི་ཤུའི་ཆོག་མཆན་སྤྲད་ཡོད་པ་འགྲེལ་བརྗོད་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎