༧གོང་ས་མཆོག་ཆོས་ཕྱོཊ་དབུ་ཁྲིད་གྲཊ་པ་ཆེ་ཤོས་སུ་འོས་འདེམས་ཞུས་པ།


2014.07.28
 ༧གོང་ས་མཆོག་འཛམ་གླིང་ནང་ཆོས་ཕྱོགས་དབུ་ཁྲིད་གྲགས་པ་ཆེ་ཤོས་སུ་བཀུར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲགས་པ་ཆེ་ཤོས་ཨང་དང་པོར་འོས་འདེམས་ཞུས་འདུག
ཝཌ་ཀིན་དཔེ་དེབ་ཚོང་ལས་ཚན་པའི་དྲ་གནས།

༄༅༎ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲགས་པ་ཆེ་ཤོས་ཨང་དང་པོར་འོས་འདེམས་ཞུས་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་རེས་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན།
དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝཌ་ཀིན་དཔེ་དེབ་ཚོང་ལས་ཚན་པས་ལུས་སེམས་སྲོག་ Watkins Mind Body Spirit magazine ཞེས་པའི་དུས་དེབ་ལོ་ལྟར་ཕྱི་ཟླ་ ༢པའི་ནང་འདོན་སྤེལ་གནང་སྲོལ་ཡོད་རེད། དུས་དེབ་དེའི་ཐོག་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་ཁྲོད་ནས་ཐོག་མར་གྲགས་ཅན་མི་སྣ་ ༦༠༠ འདེམས་སྒྲུག་གནང་བ་དེའི་ནང་ནས་གྲགས་ཅན་མི་སྣ་ ༡༠༠ འདེམས་བཞིན་ཡོད། ལོ་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲགས་ཅན་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནང་གི་ཨང་དང་པོ་དེར་འོས་འདེམས་ཞུས་ཡོད་པ་རེད། ད་རེས་གྲགས་ཅན་མི་སྣ་འདེམས་སྒྲུག་གི་ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༡ ལོར་དབུ་འཛུགས་གནང་ཡོད་པ་དང་།    དེ་ཡང་ཚན་པ་དེའི་དྲ་རྒྱའི་ནང་མཚན་གཞུང་འདེམས་སྒྲུག་གནང་ཕྱོགས་སྐོར་འཁོད་ཡས་ལ། ང་ཚོས་མི་སྣ་གང་མང་ཚུད་ཐབས་ཆེད་འབད་བརྩོན་གང་ཡོད་བྱེད་བཞིན་ཡོད།
ད་རེས་མཚན་གཞུང་འདེམས་སྒྲུག་བྱེད་སྐབས་འོས་གཞིའི་ནང་ཚུད་ཆེད་ཆ་རྐྱེན་ཚང་དགོས་པ་རྣམས་ནས་གལ་གནད་ཆེ་ཤོས་གཙོ་བོ་ཁག་གསུམ་ཡོད་པ་རྣམས་ནི།
༡༽ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ བར་སྐུ་གསོན་པོར་འཚོ་ཞུགས་ཡོད་པ་དགོས།
༢༽གང་ཟག་དེས་ཆོས་ཕྱོགས་ཐོག་འཛམ་གླིང་ཁྱོན་ལ་དམིགས་བསལ་བྱས་རྗེས་བཞག་ཡོད་པ་དགོས།
༣ ༽གང་ཟག་དེའི་སྐོར་ལ་དྲྭ་རྒྱའི་ནང་མང་ཚོགས་ཀྱི་ཡང་སེ་དོ་སྣང་བྱས་ཏེ་གང་ཟག་དེའི་སྐོར་མང་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་ཡོད་དགོས་པ་སོགས་ཆ་རྐྱེན་ཚང་དགོས། ཞེས་འཁོད་འདུག
དེ་ཡང་ལུས་སེམས་སྲོག་ Watkins Mind Body Spirit magazine ཞེས་པའི་དུས་དེབ་དེའི་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༡༤ལོར་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་ཨང་དང་པོ་དེ་ནི། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་ཞེས་འགོ་བརྗོད་དུ་བཀོད་ནས་དེའི་གཤམ་དུ་༸གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིབ་ཕྲ་བཀོད་ཡོད་པ་རེད།    

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎