རྒྱ་ནག་གིས་རྡུལ་ཕྲན་བཟོ་གྲྭ་ཁག་ཅིག་སྒོ་རྒྱག་རྒྱུའི་ཁས་ལེན།


2015.04.07
ནང་སོག་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐབས་རྒྱ་ནག་གི་དྲག་ཆས་དམག་མི། ༢༠༡༥།༤།༦ ནང་སོག་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐབས་རྒྱ་ནག་གི་དྲག་ཆས་དམག་མི། ༢༠༡༥།༤།༦
SMHRIC

ནང་སོག་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་གིས་ཁུལ་དེའི་རྡུལ་ཕྲན་བཟོ་གྲྭ་ཁག་ཅིག་སྒོ་རྒྱབ་རྒྱུའི་ཁས་ལེན་བྱས་འདུག
དེ་ཡང་ཨ་རིའི་ནང་དུ་ཡོད་པའི་ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་ལས་ཁང་གིས། ད་རེས་གཟའ་མཇུག་ཏུ་ནང་སོག་མི་དམངས་ནས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་ཉེན་རྟོག་པ་ཉིས་སྟོང་ཙམ་གྱིས་ངོ་རྒོལ་ལས་འགུལ་ཁ་འཐོར་གཏོང་ཐབས་སུ་མིག་ཆུ་ཤོར་བྱེད་དུག་རྫས་གཏོར་བ་དང་། གྱིག་མདེལ་མེ་མདའ་རྒྱབ་པ་སོགས་ཀྱིས་མི་གཅིག་བསད་པ་དང་། མི་གྲངས་བརྒྱ་ཙམ་ལ་རྨས་སྐྱོན་བཏང་བ། མི་གྲངས་༥༠འཛིན་བཟུང་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ནང་སོག་ནང་གི་རྡུལ་ཕྲན་བཟོ་གྲྭ་ཁག་ཅིག་སྒོ་རྒྱབ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
ཉེ་བའི་ལོ་འགའ་ཤས་ནས་མི་དམངས་ཀྱིས་རྒྱ་ནག་ནང་གི་བཟོ་གྲྭ་ཁག་ལ་ངོ་རྒོལ་ལས་འགུལ་སྤེལ་བའམ་མཚམས་རེ་དྲག་པོའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་དང་། བཟོ་གྲྭ་ཁག་གིས་མཁའ་རླུང་དང་འཐུང་ཆུ། ཁོར་ཡུག་སོགས་སྦག་བཙོག་བཟོ་བའི་རྐྱེན་གྱིས་འགྲོ་བ་མིའི་བདེ་ཐང་དང་འཚོ་གནས་ལ་དཀའ་ངལ་བཟོ་གིན་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་སྐོར་ལ་ངོ་རྒོལ་གྱི་ཡིག་ཆེན་ཞིག་རྒྱ་ལམ་ཐོག་བསྐྱལ་ཡོད་པ་དེའི་ནང། རྫས་འགྱུར་མེད་པ་བཟོ་དགོས་པ་དང་། ང་ཚོར་འཐུང་ཆུ་གཙང་མ་དང་མཁའ་རླུང་གཙང་མའི་ཁོར་ཡུག་སྐྲུན་དགོས་ཟེར་བྲིས་ཡོད་ལ་ད་དུང་དྲ་རྒྱའི་ཐོག་ངོ་རྒོལ་ལས་འགུལ་དེའི་སྐོར་གྱི་འདྲ་པར་མང་པོ་མཐོང་རྒྱུ་ཡོད་པ་རེད། སྐབས་དེར་ཕེ་རན་སི་གསར་འགྱུར་ལས་ཁང་གིས། ནང་སོག་གི་ས་གནས་གཞུང་ལ་ཁ་པར་བཏང་ནས་དོན་རྐྱེན་དེའི་སྐོར་རྩད་གཅོད་བྱེད་པའི་སྐབས། མི་ཞིག་གིས་ཁ་པར་ཐོག་ལན་རྒྱབ་པའི་ནང། ངོ་རྒོལ་ལས་འགུལ་མཇུག་སྒྲིལ་ཟིན་པ་དང་མི་བསད་པའི་གནས་ཚུལ་བྱུང་མེད་པའི་སྐོར་བཤད་ཡོད་པ་རེད།  

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎