ལུས་སེམས་སྲོག་གི་བགྲོ་གླེང་།

ལུས་དང་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན།
ལུས་དང་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན། (ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།)

༄༅། །དབུས་སྨན་རྩིས་ཁང་གིས་བཞུགས་སྒར་དྷ་རམ་ས་ལར་ལུས་དང་། སེམས། སྲོག་གི་བགྲོ་གླེང་ཚོགས་ཆེན་ཞིག་སྨན་རྩིས་ཁང་གི་ཚོགས་ཁང་ནང་གོ་སྒྲིག་ཞུས་འདུག ཚོགས་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཤེས་ཡོན་སློབ་གསོའི་ཐད་མཁས་པ་Dr. Arun Kapur མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དྷ་ས་ཁུལ་གྱི་རིག་གཞུང་བསྟི་གནས་ཁང་ཁག་གི་འགན་འཛིན་རྣམ་པ། སྨན་རྩིས་ཁང་གི་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་གི་འགན་འཛིན་སྨན་པ་རྣམ་པ། འབྲེལ་ཡོད་ལས་བྱེད་དང་སྨན་སློབ་བཅས་མི་གྲངས་༣༠༠ལྷག་ལྷན་བཞུགས་གནང་འདུག ཕྱི་ཚེས་༢༦ནས་ཉིན་གྲངས་གསུམ་རིང་ཚོགས་བཞིན་པའི་བགྲོ་གླེང་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་གསར་རྙིང་མང་པོའི་སྙིང་བཅུད་བསྡུ་ལེན་གྱིས་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་འཕྲོད་བཞེས་ལ་ཚད་མཐོའི་ཞབས་འདེགས་ཞུ་ཐབས་གནང་རྒྱུ་དེ་ཡིན་སྟབས། བརྗོད་གཞི་གཙོ་བོ་ལྔ་ཡི་ཐོག་བགྲོ་གླེང་གནང་འཆར་ཡོད་ཅིང་། དེ་དག་ནི་ལུས་སེམས་སྲོག་གི་ངོས་འཛིན་དང་། གནས་ལུགས་སྤྱིའི་སྐོར་དང་། ལུས་སེམས་སྲོག་གི་རྒྱུ་རྐྱེན་སྐོར། ལུས་སེམས་སྲོག་གི་འབྲེལ་བའི་སྐོར། ལུས་སེམས་སྲོག་གི་འཁྲུགས་རྐྱེན་སྐོར། ལུས་སེམས་ལ་ནད་བཅོས་ཐབས་བྱེད་སྟངས་བཅས་རེ་རེའི་སྟེང་བོད་ཀྱི་ནང་དོན་རིག་པ་དང་བོད་ཀྱི་གསོ་བ་རིག་པ། བོད་ཀྱི་རྩིས་རིག་པ། གཞན་ཡང་དེང་དུས་ཀྱི་ཚན་རིག་པ་བཅས་ཀྱིས་བཞེད་ཚུལ་ཁག་སྙིང་དུ་བཟུང་སྟེ་བགྲོ་གླེང་གནང་འཆར་ཡོད་པ་རེད།།