སྦིར་ཅོན་ཏ་རར་བོད་ཀྱི་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་པ་དབུ་འབྱེད།
2018.07.23

རྒྱ་གར་སྦིར་ཅོན་ཏ་ར་ས་གནས་སུ་བོད་ཀྱི་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་བ་ཞིག་དབུ་འབྱེད་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༧ ཚེས་ ༢༣ ཉིན། རྒྱ་གར་རྡ་རམ་ས་ལ་ནས་བར་ཐག་སྤྱི་ལེ་ ༦༠ ཙམ་གྱི་མཚམས་སུ་ཡོད་པའི་སྦིར་ཅོན་ཏ་ར་ས་གནས་སུ་བོད་ཀྱི་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་ཞིག་དབུ་འབྱེད་གནང་འདུག་ཅིང་། བོད་ཀྱི་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་ཅོན་ཏ་ར་སྨན་རྩིས་ཁང་དང་དམིགས་བསལ་ཐེངས་འདིར་དབུ་འབྱེད་བྱས་པའི་སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་ནི། ཕྱིའི་སྐད་རིགས་ནང་ཡོད་པའི་སྨན་རྩིས་རིག་པའི་ཤེས་བྱ་དང་། ནང་དོན་རིག་པའི་ལྟ་གྲུབ། ལྷག་པར་༧གོང་ས་༧སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་ལུས་སེམས་འཕྲོད་བསྟེན་སྐོར་ལ་བསྩལ་བའི་བཀའ་སློབ་དང་། གསུངས་རྩོམ་སོགས་དཔར་བསྐྲུན། མཁོ་སྒྲུབ། ཚོང་འགྲེམས་ཆེད་བཙུགས་པ་སོགས་ངོ་སྤྲོད་གནང་འདུག
ཅོན་ཏ་ར་བོད་ཀྱི་སྨན་རྩིས་ཁང་གི་སྡེ་ཚན་འགན་འཛིན་ཆོས་ལོ་ཐར་ལགས་ཀྱིས། གནམ་གཤིས་དང་ཁོར་ཡུག་གི་མཐུན་རྐྱེན་སོགས་ལ་བརྟེན་ནས། མ་འོངས་པར་ཅོན་ཏ་ར་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དེ་རྡ་རམ་ས་ལར་སྨན་སྦྱོར་སྡེ་ཚན་ལས་གཞི་རྒྱ་ཆེ་བ་ཆགས་རྒྱུ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ།