རྡ་རམ་ས་ལ་ནས་ཁ་ལོ་བ་ར་བཟི་མང་པོ་འཛིན་བཟུང་བྱས་འདུག


2017.06.13
རྡ་སའི་མེག་ལོར་གན་ཅི་ཁུལ་གྱི་འགྲིམ་འགྲུལ་འཚང་ག རྡ་སའི་མེག་ལོར་གན་ཅི་ཁུལ་གྱི་འགྲིམ་འགྲུལ་འཚང་ག
Dapple11/flickr

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་ས་གནས་ཉེན་རྟོག་པས་རྡ་རམ་ས་ལ་ཁུལ་ནས་མོ་ཊའི་ཁ་ལོ་བ་ར་བཟི་བཞི་བཅུ་ཙམ་འཛིན་བཟུང་བྱས་འདུག
དེ་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་ས་གནས་ཉེན་རྟོག་ལས་ཁང་གིས་མངའ་ཁུལ་དེ་ནས་ཆང་བཏུང་ནས་མོ་ཊ་བཏང་མཁན་ཚོར་དམ་དྲག་བཀག་སྡོམ་ནན་དུ་གཏོང་རྒྱུའི་ལས་འཆར་གཏན་འབེབས་འོག་དང་། དམིགས་བསལ་བཞུགས་སྒར་རྡ་རམ་ས་ལའི་མེག་ལོག་གན་ཅི་ཁུལ་དུ་ཆང་བཏུང་ནས་མོ་ཊ་བཏང་ཏེ་གཞོན་སྐྱེས་གསུམ་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས་ཆང་བཏུང་ནས་མོ་ཊ་བཏང་མཁན་ཚོའི་ཐོག་དམ་དྲག་གིས་ཆང་བཏུང་ནས་མོ་ཊ་གཏོང་མཁན་མི་གྲངས་༤༠ཙམ་འཇུ་བཟུང་བྱས་ཡོད་འདུག
དེ་དང་འབྲེལ་ཀང་ར་ཉེན་རྟོག་ལས་ཁང་གི་དཔོན་རིགས་(Sanjeev Gandhi)ཡིས་ཕྱི་ཚེས་༡༡ཉིན་(The Tribune)གསར་འགྱུར་བརྒྱུད་ལམ་གྱི་བཅའ་འདྲིར་ལན་འདེབས་བྱས་པའི་ནང་། ཚེས་༡༠་ནས་བཟུང་མེག་ལོར་གན་ཅི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མོ་ཊ་ཉིས་སྟོང་ལྷག་གིས་མེག་ལོར་གན་ཅི་ནས་བཞུགས་སྒར་རྡ་རམ་ས་ལའི་ལམ་བར་མོ་ཊས་འགག་ནས་ཕར་འགྲོ་ཚུར་འོང་བྱ་རྒྱུར་ཧ་ཅང་གི་སྟབས་མི་བདེ་བའི་གནས་སྟངས་ཆགས་ཡོད་པར་བརྟེན་ཉེན་རྟོག་ལས་ཁང་གིས་ས་གནས་ཀྱི་འགྲིམ་འགྲུལ་སྟབས་མི་བདེ་བའི་གནས་སྟངས་སེལ་ཐབས་སུ་ཡུལ་ཁོར་སྤྲོ་འཆམ་དུ་ཡོང་མཁན་གྱི་མོ་ཊ་རྣམས་རྡ་རམ་ས་ལ་ཤོད་དུ་བཀག་སྡོམ་གྱིས་ཐེངས་གཅིག་ལ་མོ་ཊ་ཉི་ཤུ་རེ་བྱས་ནས་རྡ་ཤོད་ནས་བཞུགས་སྒར་མེག་ལོར་གན་ཅིར་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་གྱི་མི་མང་བའི་དུས་ཚོད་སྐབས་ཐག་གཅོད་དེ་རྒྱུན་ལྡན་དུ་འགྱུར་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
(The Tribune)གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། མེག་ལོར་གན་ཅི་ཁུལ་གྱི་མགྲོན་ཁང་བརྒྱ་ཆ་༧༠ཙམ་ལ་མོ་ཊ་འཇོག་སའི་ས་ཁོངས་མེད་པར་བརྟེན་མགྲོན་པོའི་མོ་ཊ་གཞུང་ལམ་གྱི་གཡས་གཡོན་དུ་འཇོག་དགོས་སྟབས། དེའི་རྐྱེན་པས་མེག་ལོར་གན་ཅི་ནས་(Bhagsunag)དང་། (Dharamkot) ཁུལ་དུ་བསྐྱོད་སའི་ལམ་ཆུང་ཁག་མོ་ཊས་བཀག་ནས་འགྲོ་བསྐྱོད་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད། མེག་ལོར་གན་ཅི་ཁུལ་དང་དེའི་ཉེ་ཁུལ་གྱི་ས་གནས་ཁག་གི་འགྲོ་ལམ་ཆེ་རུ་གཏོང་རྒྱུའི་ལས་གཞི་(BJP)ཚོགས་པས་སྲིད་དབང་འཛིན་པའི་སྐབས་ནས་ཐག་གཅོད་བྱུང་ཡོད་ཀྱང་དེའི་ཁུལ་གྱི་ས་ཞིང་ལམ་ཁའི་ཐོག་བེད་སྤྱོད་བྱེད་དབང་གནད་དོན་ཐག་གཅོད་མ་བྱུང་བར་ད་དུང་ཡང་ལམ་ཁ་རྒྱ་ཆེ་རུ་གཏོང་རྒྱུའི་ལས་གཞི་དེ་ལག་བསྟར་བྱུང་མེད་པ་རེད་།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎