བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ལོ་གསར་གྱི་མཆོད་རྫས་སྒྲིག་གཤོམ།

2023.02.20
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ལོ་གསར་གྱི་མཆོད་རྫས་སྒྲིག་གཤོམ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ལོ་གསར་གྱི་མཆོད་རྫས་རྣམ་སྒྲིག་གཤོམ། ༠༢།༢༠།༢༠༢༣
RFA/Dhasa

གནམ་གང་ནི་ལོ་རྙིང་པའི་ཉིན་མཐའ་མ་དང༌། ལོ་གསར་པའི་སྐྱ་རེངས་ལྟ་བུ་ཡང་ཡིན་པས། ཉིན་འདིར་ལོ་གསར་གྱི་རྟེན་འབྲེལ་མཚོན་པའི་དངོས་པོ་རྣམས་དངོས་སུ་སྒྲིག་གཤོམ་གང་རྒྱས་བྱེད་རྒྱུ་དེ་ཡིན་པས། བཞུགས་སྒར་རྡ་རམ་ས་ལར་རྣམ་ཀུན་ལྟར། གནམ་གང་ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ། གཞུང་འབྲེལ་ལོ་གསར་གྱི་མཆོད་རྫས་རྣམ་སྒྲིག་གཤོམ་གནང་མུས་ཡིན་པའི་ནང་ནས། གཙོ་བོ་ལྷ་མོའི་དུས་གཏོར་གྱི་མཆོད་པ་ཐོག་ཚད་མའི་བྲང་རྒྱན་དང་། བོད་སྐྱོང་ལྷ་སྲུང་གི་མཆོད་གཏོར་དཀར་པོ་ཐོག་ཚད་མའི་བྲང་རྒྱན་ཆེ་བ་སོགས་ཚེ་གཏོར་འབུམ་བཤོམ་གནང་བཞིན་པ་དང་། གནམ་གང་ཉིན་སྒྲིག་གཤོམ་བྱས་པའི་རྟེན་འབྲེལ་དངོས་པོའི་ནང་ནས་གལ་ཆེ་ཤོས་ནི་ཕྱེ་མར་དང༌། སྡེར་ཁ། ལུག་མགོ ལོ་ཕུད་བཅས་ཡིན་ཞིང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་བཞེངས་རྒྱས་པོ་ཞེ་དྲགས་གནང་གི་ཡོད་པ། རྣམ་རྒྱལ་གྲྭ་ཚང་གི་གར་དཔོན་བསྟན་འཛིན་སྟོབས་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་བ་ལྟར་ན། ཚེ་གཅིག་ལྷ་མོའི་དུས་གཏོར་གྲུབ་པའི་རྗེས། གཞུང་གར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཚོགས་ཁང་ཆེན་མོའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་ཀྱིས་རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་ཡི་ཡོད་འདུག
བོད་ཟླ་༡པོའི་ཚེས་༡རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་ཚེས་གཅིག་གི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་དགེ་འདུན་པ་རྣམ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་པ་རྣམ་པ་དང་སེར་སྐྱ་མི་མང་རྣམས་ལྷན་འཛོམས་ཀྱིས་ལོ་གསར་ཚེས་གཅིག་གི་ཚེ་གཏོར་གྱི་ཆོ་གའི་སྒོ་ནས་གཞུང་འབྲེལ་མཛད་སྒོ་ཚོགས་ཀྱི་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎