བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ།

2024.11.20
བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ།
Lord David Alton གྱི་X སྤྱི་ཚོགས་དྲྭ་རྒྱ།

དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Lord David Alton ཡིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རྣམ་གཉིས་མཇལ་འཕྲད་གནང་བའི་སྐོར་ X བརྡ་འཕྲིན་ཐོག་སྤྱི་ཚེས་༡༩ ཉིན་བཀོད་གནང་བའི་ནང་། ཁོང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་གཞན་ཞིག་རྣམ་གཉིས་དང་མཇལ་འཕྲད་གནང་བའི་རྗེས་གུས་བཀུར་མཚོན་ཆེད་བོད་ཀྱི་ལམ་སྲོལ་གྱི་ཁ་བཏགས་ཤིག་དང་བོད་མཐོ་སྒང་གི་གཡག་གི་འདྲ་གཟུགས་ཤིག་ཀྱང་ཕྱག་རྟགས་གནང་བྱུང་ཞེས་བཀོད་གནང་འདུག 

load twitter.JPG

འདི་དང་འབྲེལ་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་དབྱིན་ཇིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་དམངས་ཁྲོད་རྩིས་ཁྲ་ཚོགས་ཆུང་གི་ཚོགས་གཙོ་ Sri Geoffrey Browne དང་མཇལ་འཕྲད་ཀྱིས་དབྱིན་ཇིའི་གྲོས་ཚོགས་དང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དམངས་ཁྲོད་རྩིས་ཁྲ་ཚོགས་ཆུང་གཉིས་ཀྱི་སྒྲོམ་གཞི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་དང་ཐག་གཅོད་གནང་ཕྱོགས་ཐོག་དངོས་སུ་གཟིགས་ཞིབ་གནང་རྒྱུའི་གོ་སྐབས་ཀྱང་བྱུང་གནང་ཡོད་པ་རེད།  གཞན་ཡང་ད་ཐེངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རྣམ་གཉིས་ཀྱིས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་ཆོས་དང་ རིག་གཞུང་། སྐད་ཡིག་ཐོག་ལ་དམ་དྲག་བྱེད་བཞིན་ཡོད་པའི་བོད་ནང་གནས་སྟངས་འགྲེལ་བརྗོད་དང་།  རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་སོགས་ཀྱི་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་གནང་འདུག།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎