སྲིད་སྐྱོང་གི་ལོ་བཞིའི་གྲུབ་འབྲས་ཆེ་ཤོས་ལྷིང་འཇགས་ཡིན།


2015.10.06
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༩།༥ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༩།༥
འཇིགས་མེད་སྙན་གྲགས/RFA

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་གནང་འདུག
ཁ་སང་ཚེས༥ཉིན་རྡ་ས་མེག་ལོ་གྷན་ཇི་Club Houseཞེས་བར་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་མ་འོངས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ལོ་བཞིའི་ནང་གྲུབ་འབྲས་ཆེ་ཤོས་དེ་ལྷིང་འཇགས་ཡིན་པ་དང། ཁོང་གི་བཀའ་ཤག་སྐབས་༡༤བའི་ལྟ་གྲུབ་གསུམ་དེ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཡིན་པ་དེ་མུ་མཐུད་དུ་གནས་རྒྱུ་ཡིན་སྐོར་གསུངས་འདུག
སྲིད་སྐྱོང་མཆོག་གིས། ང་སྲིད་སྐྱོང་འོས་མི་བྱས་ནས་དམིགས་བསལ་གསར་བ་ཞིག་ཞུ་རྒྱུ་གང་ཡང་མེད་ཀྱང་། བཀའ་ཤག་སྐབས་༡༤བའི་ལྟ་གྲུབ་གསུམ་དེ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་རེད། དེ་མུ་མཐུད་ནས་གནས་ཀྱི་རེད་ཅེས་ཞུ་བསྡད་ཀྱི་ཡོད་ལ། སྲིད་བྱུས་ཉམས་ཞིབ་ཁང་དབུ་འབྱེད་ཉིན་མོ་དང་ཉེ་ཆར་གྲོས་ཚོགས་ནང་ལའང་ཞུས་པ་ཡིན། མ་འོངས་བྱེད་ཕྱོགས་ཐོག་ནས་བོད་༥དང་། ༥༠ཞེས་ངས་ཞུས་ཀྱི་ཡོད། སྲིད་སྐྱོང་དང་སྤྱི་འཐུས་སུ་བཞེང་པ་ཡིན་ན་ཡང་ལོ་༥ཡི་དུས་ཡུན་ནང་དབུ་མའི་ལམ་གྱི་དགོངས་དོན་དང་། བོད་རྒྱ་འབྲེལ་མོལ་བརྒྱུད་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་རྩ་ཆེ་ཤོས་དེ་རེད། དེ་བཞིན་བོད་ནང་ཡོད་པའི་བོད་མི་ཚོའི་མངོན་འདོད་་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། ང་ཚོའི་ལོ་༥ཡི་ཆབ་སྲིད་ཀྱི་དམིགས་སྒོ་ཆེ་ཤོས་ཆགས་ཡོད་པ་དང་། ངས་༥༠ཞུས་པ་དེ་ག་རེ་ཞུ་ཡི་ཡོད་ཅེ་ན། ང་ཚོ་བཙན་བྱོལ་ནང་ད་ལྟའི་བར་ལོ་༥༠ལྷག་པ་རེད། མ་འོངས་པར་ལོ་༥༠ལྷག་པ་ཡིན་ན་དེའི་སྐབས་སུ་ང་ཚོའི་འབད་བརྩོན་དེ་ལོ་༥ཡི་འབད་པ་ནང་བཞིན། ལོ་༥༠ཡིན་ན་ཡང་གང་ཐུབ་ཅི་ཐུབ་གནང་ཐུབ་པ་ཡིན་ན། ལོ་༥༠དེ་ག་ཚོད་བརྟན་པོར་ཕྱིན་པ་དེས་ལོ་༥ལ་ཕན་གྱི་རེད་ཅེས་ངས་ཞུས་མྱོང་། དེར་བརྟེན་ལོ་༥༠ནང་ལ་ག་རེ་ཡོད་པ་རེད་ཟེར་བ་དེ་རེད། དེའི་ནང་ལ་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་འདི་ལྟེ་གནས་ཡིན་སྟབས། དང་པོ་འཚོ་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། གཉིས་པ་གོང་འཕེལ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། གསུམ་པ་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། འདི་དག་གསུམ་འགྲུབ་པ་ཡིན་ན་རྒྱལ་ཁ་ཐོབ་རྒྱུ་ཡིན་ཡིན་པ་རེད། དེར་བརྟེན་༥ ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་པ་ཡིན་ན། ང་ཚོར་ཆབ་སྲིད་དམིགས་ཡུལ་གྱི་རྒྱལ་ཁ་དེ་ཐོབ་ཡོང་གི་ཡོད་པ་རེད། གཞན་ལོ་༥༠ གནས་དགོས་པ་དང་གནས་ཐུབ་པ་ཡིན་ན་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ཡིན་ཡིན་པ་རེད། དེའི་ཕྱིར་དེ་ལ་ཡང་རྒྱལ་ཁ་ཐོབ་རྒྱུ་ཡིན་ཡིན་པ་རེད་ཅེས་ངས་ཞུ་བསྡད་ཀྱི་ཡོད་ཞེས་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎