དྲང་བདེན་ཐག་གཅོད་མ་བྱུང་བར་མུ་མཐུད་ཞུ་འབོད་བྱེད་བཞིན་པ།


2015.01.12
ཀླུ་ཆུ་རྫོང་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཕ་མ་ཚོས་ཞུ་གཏུགས་ངོ་རྒོལ་ལས་འགུལ་ལ་ཐག་གཅོད་གང་ཡང་མ་བྱུང་བར་བརྟེན་ཞི་བའི་གོམ་བགྲོད་གནང་སྐབས། ༢༠༡༥།༡།༨ ཀླུ་ཆུ་རྫོང་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཕ་མ་ཚོས་ཞུ་གཏུགས་ངོ་རྒོལ་ལས་འགུལ་ལ་ཐག་གཅོད་གང་ཡང་མ་བྱུང་བར་བརྟེན་ཞི་བའི་གོམ་བགྲོད་གནང་སྐབས། ༢༠༡༥།༡།༨
ཨེ་ཤེ་ཡ་རང་དབང་རླུང་འཕྲིན

སློབ་ཆེན་པ་དང་ཕ་མ་ཁ་ཤས་ལ་བསླུ་ཐབས་བྱེད་པ་དང་འཇིགས་སྐུལ་བྱེད་པ་སོགས་ཀྱི་གནས་ཚུལ་ཡང་ཡོད་བཞིན་པ་རེད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཁེ་སྔོན་སྤྱི་ཚེས་༨ཉིན་གྱི་དགོང་མོར་ཀླུ་ཆུ་རྫོང་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཁོང་ཚོའི་ཕ་མ་ཚོས་རང་ཁྱིམ་རང་སྐྱོང་། ཁྲིམས་འགལ་གྱིས་རྒྱུགས་ཤོག་བཙོང་བར་དྲང་བདེན་ཐག་གཅོད་དགོས་ཞེས་འཁོད་པའི་འཕྲེད་དར་དང་མཉམ་ཀླུ་ཆུ་རྫོང་ནས་ཀན་ལྷོ་ཁུལ་བར་ཞུ་གཏུགས་གོམ་བགྲོད་བྱས་པར། ལམ་ཐག་སྤྱི་ལེ་༡༥ཙམ་གྱི་སར་འབྱོར་སྐབས་རྫོང་གི་ཉེན་རྟོག་མི་སྣ་དང་། འབྲེལ་ཡོད་ཚན་པའི་ལས་བྱེད་མི་སྣ་ཡོང་ནས་རིམ་པས་ཞིབ་འཇུག་དང་སང་ཉིན་ལས་ཁུངས་ནང་གོ་བསྡུར་བྱེད་ཆོག་ཚུལ་སོགས་བཤད་ནས་གོམ་བགྲོད་མཚམས་འཇོག་བྱེད་དུ་བཅུག་རྗེས་ཉིན་གྲངས་བཞི་ལྷག་ཕྱིན་ཡང་རྫོང་སྲིད་གཞུང་གི་ཕྱོགས་ནས་དྲང་བདེན་གྱི་ཐག་གཅོད་གང་ཡང་མ་བྱས་བར་བརྟེན་སྤྱི་ཚེས༡༢ཉིན་ད་དུང་མུ་མཐུད་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཕ་མ་ཚོས་རྫོང་སྲིད་གཞུང་གི་མདུན་ཞུ་འབོད་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉིན་འདི་དག་རིང་ང་ཚོའི་ཞུ་འབོད་དགོས་འདུན་ལ་གཞུང་ཕྱོགས་ནས་ཡ་ལན་གང་ཡང་སྤྲད་མེད་ཐོག་ཞུ་འབོད་པ་ཁ་ཤས་ལ་བསླུ་ཐབས་བྱེད་པ་དང་། འཇིགས་སྐུལ་བྱེད་པ་སོགས་ཀྱི་གནས་ཚུལ་ཡང་ཡོད་བཞིན་པ་བརྗོད་བྱུང་། མདོ་ལྷོ་ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཁྱིམ་བདག་ཕ་མ་བརྒྱ་ཕྲག་བརྒལ་བས་རྫོང་སྲིད་གཞུང་ནང་ཞུ་འབོད་ངོ་རྒོལ་གནང་ནས་ད་བར་ཉིན་གྲངས་༡༧ཕྱིན་ཡོད་ཀྱང་། ད་དུང་ཡང་དྲང་བདེན་གྱི་ཐག་གཅོད་གང་ཡང་མ་བྱུང་མེད་པ་རེད།
གནས་ཚུལ་དེ་ནི་མདོ་ལྷོ་ཁུལ་ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་པའི་སློབ་མ་ཚོའི་ལས་འཚོལ་གཅིག་གྱུར་ཡིག་རྒྱུགས་ཀྱི་རྒྱུགས་ཤོག་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་མི་སྣས་བརྐུས་ནས་གསང་བའི་ཐོག་ཕྱི་ལ་བཙོང་པ་དང་། ས་གནས་གཞན་པའི་མི་ཚོ་ས་གནས་ཀྱི་ལས་བྱེད་ཚུད་རྒྱུགས་ཁོངས་སུ་བཅུག་ནས་ས་གནས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཚོའི་གོ་སྐབས་ཤོར་བཞིན་པའི་གནས་ཚུལ་སློབ་ཆེན་ པ་དང་ཁྱིམ་བདག་ཕ་མ་ཚོས་ཤེས་རྟོགས་བྱུང་རྗེས་ཉེ་བའི་སྤྱི་ཟླ་༡༢བའི་ཚེས་༢༨ ཉིན་ནས་ཞུ་འབོད་ལས་འགུལ་སྤེལ་བ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎