བོད་ནང་བསྐྱོད་རྒྱུའི་ལམ་ཆེན་འགག་པའི་དཀའ་ངལ།

རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་བོད་ནང་བསྐྱོད་རྒྱུའི་མོ་ཊའི་ལམ་ཁར་འབྲེལ་ཚུབ་ཆེ་བའི་རྐྱེན་གྱིས་ལམ་ཁ་འགག་པའི་དཀའ་ངལ་འཕྲད་འདུག

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་བོད་ནང་བསྐྱོད་རྒྱུའི་མོ་ཊའི་ལམ་ཁར་འབྲེལ་ཚུབ་ཆེ་བའི་རྐྱེན་གྱིས་ལམ་ཁ་འགག་ནས་འགྲོ་འོང་སྟབས་བདེ་མེད་པའི་གནས་སྟངས་སེལ་ཐབས་སུ་རྒྱ་ནག་གཞུང་གིས་འབྲེལ་ཡོད་ལས་ཁང་གིས་ཛ་དྲག་གི་ལམ་ཁ་གཤང་བ་སོགས་ཀྱི་་ལས་དོན་སྤེལ་བའི་རྗེས་ད་ཆ་ལམ་ཁ་འགག་པའི་གནས་སྟངས་ཕྲན་བུའི་བཟང་དུ་ཕྱིན་ཡོད་པ་རྒྱ་ནག་ཕྱི་ཚོགས་བདེ་འཇགས་ལས་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་འགྲེལ་བརྗོད་བྱས་འདུག

ཡིན་ནའི་འབྲེལ་ཡོད་མི་སྣ་ཚོས་གསུང་ན་ ལམ་ཆེན་དེའི་ཐོག་སྐྱོན་མཁན་གྱི་མོ་ཊ་མང་བའི་རྐྱེན་གྱིས་མ་འོངས་མུ་ཐུད་ནས་ལམ་ཁ་འགག་པའི་དཀའ་ངལ་ཐོན་རྒྱུ་མ་ཟད། གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་སྲིད་པའི་ཚོད་རྩིས་གནང་གི་ཡོད་ཅིང། ད་ལྟའི་ཆར་ནང་སོག་ནས་ཧའ་བད་ཞིང་ཆེན་ཕྱོགས་སུ་སྐྱོད་རྒྱུའི་རིང་ཚད་ཁྱི་ལོར་མི་གྲར་བརྒྱད་ཙམ་བར་གྱི་ལམ་ཆེན་འགག་པའི་གནས་སྟངས་སེལ་ཐུབ་ཏེ་རྒྱུན་ལྡན་བཞིན་མོ་ཊ་ཤར་གཏོང་ཐུབ་ཀྱི་ཡོད་པ་དང་ དེ་དང་ཕྱོགས་འཚུངས་རྒྱ་ནག་འགྲིམ་འགྲུལ་ལས་ཁང་དང་འཕྲོད་བསྟེན་ལས་ཁང་གཉིས་ཀྱིས་མ་འོངས་ལམ་ཆེན་ཐོག་མོ་ཊ་རྡུང་ཁ་རྒྱབ་ནས་ལམ་ཁ་འགག་པ་དང་ དེ་བཞིན་མོ་ཊར་སྐྱོན་ཤོར་ནས་ལམ་ཁ་འགག་པའི་གནས་སྟངས་སེལ་རྒྱུར་རོགས་རམ་ལས་དོན་སྤེལ་རྒྱུ་མ་ཟད། ལམ་ཁ་འགག་ནས་སྐྱོད་མི་ཐུབ་པའི་འགྲུལ་ཞུད་བྱེད་མཁན་ཚོར་གཟའ་བཅའ་དང་མཐུང་ཆུ་ སྨན་སོགས་གྲ་སྒྲིག་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་སྤེལ་ཡོད་པ་རེད།

པེ་ཅིན་ནས་བོད་བར་གྱི་ལམ་ཆེན་དེའི་རིང་ཚད་ཁྱི་ལོར་མི་གྲངས་༣༧༠༠ལྷག་ཙམ་ཡོད་པ་དང་དེ་ནི་པེ་ཅིན་ནས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་རྒྱུའི་ལྷོ་ནུབ་ཁུལ་གྱི་མོ་ཊའི་ལམ་ཆེན་རིང་ཤོས་དང་གཅིག་པུ་དེ་ཡིན་པ་རེད་ ད་ལྟའི་བར་པེ་ཅིན་ནས་ཟི་ལིང་བར་བསྐྱོད་རྒྱུའི་ལམ་ཆེན་ཐོག་མོ་ཊ་འགག་པའི་དཀའ་ངལ་སེལ་ཐུབ་ཡོད་པ་དང་ ཡིན་ནའི་ཟི་ལིང་ནས་ལྷ་ས་བར་གྱི་མོ་ཊའི་ལམ་ཆེན་འགག་པའི་གནས་སྟངས་ད་དུང་ཡང་སེལ་བཞིན་ཡིན་འདུག།