ཐའེ་ཝན་འོས་བསྡུའི་ཁྲོད་སྲིད་འཛིན་འོས་མི་སྐུ་ཞབས་ Lai Ching-Te ལགས་སུ་རྒྱལ་ཁ་ཐོབ་པ།

2024.01.13
ཐའེ་ཝན་འོས་བསྡུའི་ཁྲོད་སྲིད་འཛིན་འོས་མི་སྐུ་ཞབས་ Lai Ching-Te ལགས་སུ་རྒྱལ་ཁ་ཐོབ་པ། སྲིད་འཛིན་འོས་མི་སྐུ་ཞབས་ Lai Ching-Te ལགས་ཀྱི་པར་རིས།
སྒྲིག་བཟོ།

འདི་ཚེས་ ༡༣ ཉིན་གྱི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོ་ནི་ཡུལ་དེའི་མི་སེར་ས་ཡ་ ༢༣ ལྷག་གི་གནད་དོན་ཙམ་མིན་པར། འཛམ་གླིང་སྤྱིའི་ཆབ་དཔལ་གཉིས་དང་འབྲེལ་བ་ཤུགས་ཆེ་ཡོད་པ་མ་ཟད། མ་འོངས་ཐའེ་ཝན་གྱི་དམངས་གཙོའི་ལམ་ལུགས་དེ་བཞིན་ཇི་ལྟར་ཆགས་མིན་དེ་ཡང་འོས་བསྡུ་དེར་ཐུག་ཡོད་པ་རེད།

ད་རེས་ཐའེ་ཝན་རྒྱལ་ཡོངས་སྲིད་འཛིན་གྱི་མཐའ་མིའི་འོས་བསྡུའི་འོས་མི་གསུམ་སྟེ། ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ(Democratic Progressive Party)ཡི་སྲིད་འཛིན་གཞོན་པ་ལའེ་འཆིན་དྷ་(Lai Ching-Te)ལགས་དང་། ཕྱོགས་འགལ་གོ་མིན་ཏང་ཚོགས་པ(The Kuomintang)ཡི་སྲིད་འཛིན་འོས་མི་ལ་ཧུ་ཡུ་ཨི(Hou Yu-ih)ལགས། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་གསར་འཛུགས་གནང་བའི་ཐའེ་ཝན་མི་དམངས་ཆབ་སྲིད་ཚོགས་པ་(Taiwan People’s Party)ཡི་འོས་མི་ཀུ་ཝན་ཇི་(Ko Wen-je)བཅས་གསུམ་ཡིན་པ་དང་། གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཞོན་པ་ལའེ་འཆིན་དྷ་(Lai Ching-Te)ལགས་སུ་འོས་གྲངས་ ༥༥༨༥༣༥༩ ཐོབ་ཏེ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད། 

དེའི་ཐད་ཐའེ་ཝན་བོད་ཀྱི་༸སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐའེ་ཝན་ནས་ཞལ་པར་བརྒྱུད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན།  ད་ལྟའི་ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་སླར་ཡང་སླེབས་པ་ཡིན་ན། བོད་དོན་ལ་ཡང་ཁེ་ཕན་ཆེ་བ་ཡོད་པ་དགོངས་ཚུལ་གསུངས་བྱུང་།

རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཡིན་ལུགས་བཤད་ཀྱི་ཡོད་ཀྱང་། ད་ལྟའི་ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གིས་བཤད་པ་དེ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། གཞུང་འཛིན་ཚོགས་པ་དེ་ཉིད་ཀྱི་སྲིད་འཛིན་འོས་མི་(Lai Ching-te)ནི། ཐེ་ཝན་རང་བཙན་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་མཁན་ཞིག་ཡིན་པ་རེད། 

འོས་བསྡུའི་སྐབས་རྒྱ་ནག་གིས་བཟོ་སྐྲུན་བྱེད་པའི་ Weibo སྤྱི་ཚོགས་དྲ་ལམ་ཐོག་ #TaiwanElection ཞེས་བྲིས་པ་ཡིན་ན། རྒྱ་ནག་གཞུང་གིས་ཐད་ཀར་བཀག་གི་ཡོད་པ་ཡོངས་གྲགས་ཁྱབ་ཡོད་པ་རེད།

ཕྱི་ལོ་ ༡༩༩༦ ལོ་ཐའེ་ཝན་མི་མང་གིས་ལོ་རྒྱུས་རང་བཞིན་གྱི་སྲིད་འཛིན་འོས་བསྡུའི་ནང་ཐེངས་དང་པོ་ཆ་ཤས་ལེན་པ་ནས་བཟུང་ད་བར་འོས་བསྡུའི་ལམ་ནས་ཡུལ་དེའི་སྲིད་འཛིན་རིམ་པ་འདམས་ཐོན་བྱུང་ཡོད་པ་རེད། ད་རེས་ཀྱི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་ནང་། ཐའེ་ཝན་གྱི་མི་སེར་ས་ཡ་ ༡༩ ལྷག་མཉམ་ཞུགས་གནང་གི་ཡོད་པ་དང་། ཐའེ་ཝན་ནི་འཛམ་གླིང་ནང་གློག་འདྲེན་ཕྱེད་གཟུགས་(Semiconductor) མང་ཤོས་ཐོན་སྐྱེད་བྱེད་མཁན་གྲས་ཤིག་ཡིན་པ་དང་། ཆབ་སྲིད་ཀྱི་གནས་སྟངས་ཀྱང་ཛ་དྲག་ཡོད་པའི་རྐྱེན་གྱིས་འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།

དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎