བཙུན་མ་ཚོས་རྐང་འཁོར་བཞོན་ནས་གནས་སྐོར་གནང་བཞིན་པ།


2015.12.18
བཙུན་མ་ཚོས་རྐང་འཁོར་བཞོན་ནས་གནས་སྐོར་གནང་བཞིན་པ། ༢༠༡༥།༡༢ བཙུན་མ་ཚོས་རྐང་འཁོར་བཞོན་ནས་གནས་སྐོར་གནང་བཞིན་པ། ༢༠༡༥།༡༢
མཐུན་འགྱུར་པར་རིས།

དེ་ཡང་འབྲུག་པ་རིན་པོ་ཆེས་སྣེ་ཁྲིད་འོག ལ་དྭགས་ཁུལ་དུ་རྟེན་གཞི་གནང་བའི་དོན་བརྒྱུད་འབྲུག་པའི་འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་མ་༢༥༠ཙམ་གྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཌ་མན་ཊི་ནས་རྐང་འཁོར་བཞོན་ནས། རྒྱ་གར་ནང་གནས་སྐོར་ཀྱིས་ད་ལྟའི་ཆར་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་ཡོད་པ་དང་། ལམ་བར་རྒྱ་གར་གྱི་UPདང་བྷེ་ཧར་མངའ་སྡེ་བརྒྱུད་ཁྱོན་རིང་ཚད་སྤྱི་ལེ་༢༢༠༠ལྷག་ཙམ་རྐང་འཁོར་བཞོན་ནས། ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཕྱི་ཟླ་དང་པོའི་ཚེས་༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྐོར་མཇུག་སྒྲིལ་གནང་གི་ཡོད་འདུག    
ད་རེས་འབྲུག་པ་བཀའ་་བརྒྱུད་ཀྱི་བཙུན་པ་ཚོས་རྐང་འཁོར་བཞོན་ནས་གནས་བསྐོར་དུ་ཕེབས་དགོས་དོན་ནི་ཕྱོགས་གཅིག་ནས་ཁོར་ཡུག་ལ་སྲུང་སྐྱོབ་དང་། ཕྱོགས་གཞན་ཞིག་ནས་བེུད་ཚོའི་སྙིང་སྟོབས་དང་། སྟོབས་ཤུགས་ཀྱི་ཤུགས་རྐྱེན་འདོན་སྤེལ་ཐུབ་རྒྱུར་དམིགས་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་གནང་བ་ཞིག་ཡིན་པ་འབྲུག་ཆེན་རིན་པོ་ཆེ་ནས་རྒྱ་གར་གྱི་Kashmirགསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག  
ཁོང་རྣམས་རྐང་འཁོར་བཞོན་ནས་གནས་སྐོར་དུ་ཕེབས་པའི་ལམ་བར་རྒྱ་གར་གྱི་ཡུལ་མི་ཚོར་ཁོར་ཡུག་སྲུང་སྐྱོབ་དང་། དེ་བཞིན་རང་བྱུང་གི་འབྲུ་རིགས་བཟའ་ཆའི་རིགས་འདེབས་སྟངས་སོགས་ས་གནས་མི་མང་ཚོར་ངོ་སྤྲོད་ཡང་གནང་རྒྱུ་ཡིན་པ་གསུངས་འདུག     

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎