བཞུགས་སྒར་དུ་བོད་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད།

ཀིར་གིཛ་ཏན་གྱི་རྩོམ་པ་པོ་ཞིག་ནས་བརྩམས་གནང་བའི་བོད་དང་འབྲེལ་བའི་དེབ་ཅིག་བཞུགས་སྒར་དུ་དབུ་འབྱེད་གནང་ཡོད་འདུག

2011.12.08

༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས། ཀིར་གྷིཛ་ཏན་གྱི་རྩོམ་པ་པོ་སྐུ་ཞབས་ཀ་ཛཏ་ཨཀ་མ་ཏོལྦ་’མཆོག་གིས་རྩོམ་བྲིས་གནང་བའི་ཨར་ར་ཧཏ་འམ་དགྲ་བཅོམ་པ་ཞེས་པའི་དབྱིན་ཡིག་སྐད་ཐོག་ཕབ་བསྒྱུར་ཞུས་པའི་དེབ་དེ་བཞིན་དབུ་འབྱེད་གནང་ཡོད་འདུག མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་གིས། གཙོ་བོ་བོད་དང་འབྲེལ་བའི་དེབ་རྩོམ་བྲིས་གནང་ནས་ཀིར་གྷིཛ་མི་མང་ཚོར་བོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ད་རེས་ཀིར་གིཛ་ཁུལ་ནས་ཕེབས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་ལ་མ་འོངས་པར་ཡང་མི་མང་ཙམ་ཕེབས་ཐུབ་པའི་རེ་འདུན་གནང་གི་ཡོད་ཅེས་གསུངས་ཡོད་འདུག
གོང་དུ་ཞུས་པའི་དེབ་དེ་བཞིན་སྐད་ཡིག་འགའ་ཤས་ཐོག་ཕབ་བསྒྱུར་ཞུས་ཡོད་པ་ཞིག་ཡིན་པ་དང་ལྷག་པར་དུ་དེབ་དེར་རྒྱལ་སྤྱིའི་ཐོག་ནས་བྱ་དགའ་འགའ་ཤས་ཀྱང་ཐོབ་ཡོད་པའི་གྲས་ཤིག་ཡིན་འདུག དེབ་དེའི་ནང་སྒྲུང་གཏམ་གྱི་བརྒྱུད་ནས་ཨ་དི་ལཏ་ཞེས་པའི་ཕྲུ་གུ་ཞིག་བྱུང་ཡོད་པ་དེ་དག་རྗེ་བཙུན་མི་ལ་རལ་པའི་རྣམ་སྤྲུལ་ཡིན་པའི་སྣང་བ་བྱུང་ཡོད་པ་སོགས་གང་ལྟར་བོད་ནང་གི་ཆོས་དང་རིག་གཞུང་རྣམས་ངོ་སྤྲོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎