དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་འཇུ་བཟུང་།


2013.12.20
ཡུལ་ཤུལ་ནང་ཆེན་ཁུལ་གྱི་ས་ཁྲ། ཡུལ་ཤུལ་ནང་ཆེན
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་ནག་གིས་ཡུལ་ཤུལ་ནང་ཆེན་གྱི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་འཛིན་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཉིན་ཤས་གོང་གི་སྤྱི་ཟླ་༡༢ཚེས་༦ཉིན་གྱི་མཚན་མོར་། ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པའི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས། རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་ཆབ་མདོ་ས་ཁུལ་གྱི་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཏེ། མིག་སྔར་ཆབ་མདོ་རྫོང་གི་བཙོན་ཁང་དུ་བཅུག་ཡོད་ཚུལ་ལས། འཛིན་བཟུང་བྱས་བའི་རྒྱུ་མཚན་སོགས་གནས་ཚུལ་ཞིབ་ཕྲ་གསལ་ཁ་མེད་པ་བོད་ནས་ངོ་སྤྲོད་བྱས་ཡོད།
དེ་མིན་ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་དོན། ཡུལ་ཤུལ་ནང་ཆེན་རྫོང་ཇ་པ་དགོན་པའི་དགེ་འདུན་པ་དང་། ནང་ཆེན་རྫོང་སྲིབ་མདའ་རི་ཆེན་གྱི་དགའ་ཚེ་དང་། ཚེ་རིང་། གཞན་རྡོ་ཆུག་ནས་ཡིན་པ་པད་ཕྱུག་དང་། བདུད་འདུལ་དབང་ཕྱུག སྤྲེལ་ཚ་རུ་ཆེན་ནས་ཡིན་པ་ནོར་བུ། ཕ་ཁོང་རུ་ཆེན་གྱི་དཀར་སྦུག་བཅས་བསྡོམས་པས་མི་གྲངས་བཅོ་ལྔ་ཙམ་འཛིན་བཟུང་བྱས་ཡོད་པ་དེ་དག་ད་ལྟ་སྐྱེ་རྒུ་མདོ་རུ་བཙོན་འཇུག་བཀག་ཉར་བྱས་བསྡད་ཡོད་ཚུལ་ངོ་སྤྲོད་བྱས་བྱུང་།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎