༄༅༎ཁམས་ཁུལ་དུ་མཚོན་ཆ་དང་པགས་རིགས་བེད་སྤྱོད་མི་བྱེད་པའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པའི་སྐོར་བོད་མིའི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བའི་ལམ་སྟོན་མཛད་མུས་ལྟར། དམིགས་བསལ་སྲོག་ཆགས་ཀྱི་པགས་རིགས་སོགས་བེད་སྤྱོད་གང་བྱུང་བྱས་ཏེ་འཚེ་བའི་ལས་ནམ་ཡང་མི་བྱེད་པའི་ལམ་སྟོན་བཀའ་སློབ་རབས་དང་རིམ་པ་ཕེབས་དོན་ལྟར། གཞིས་ལུས་བོད་མི་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དང་དུ་ལེན་ཏེ་ལོ་ཤས་གོང་ནས་སྲོག་ཆགས་ཀྱི་པགས་རིགས་བེད་སྤྱོད་མི་བྱེད་པར་མེ་སྲེག་བཏང་བའི་གནས་ཚུལ་རྒྱ་ཆེ་ཐོན་ཡོད་པ་བཞིན་ ཉེ་ལམ་ཁམས་བྲག་མགོ་མི་དམངས་ཡོངས་ནས་སླར་ཡང་༧གོང་ས་མཆོག་གི་བཀའ་བཞིན་ མཚོན་ཆ་སྟོང་ཕྲག་མང་པོ་དང་སྲོག་ཆགས་ཀྱི་པགས་རིགས་སྣ་ཚོགས་ཁམས་བྲག་མགོ་དགོན་དུ་ཕུལ་དེ་དེ་དག་སྤང་རྒྱུའི་གནས་ཚུལ་འཁོད་འདུག།