ཨ་རི་དང་༸གོང་ས་མཆོག་དབར་མཛའ་འབྲེལ་ཇེ་བཟང་དུ་འགྲོ་བཞིན་ཡོད། ཨ་རིའི་གཞུང་ཚབ་པ།


2020.07.18
ཨ་རི་དང་༸གོང་ས་མཆོག་དབར་མཛའ་འབྲེལ་ཇེ་བཟང་དུ་འགྲོ་བཞིན་ཡོད། ཨ་རིའི་གཞུང་ཚབ་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་Ken Juster མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་དོན་གཅོད་ཁང་གི་དྲུང་ཆེ་རྒྱལ་པོ་ལགས་རྣམ་གཉིས་མཇལ་འཕྲད་གནང་སྐབས།
ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་མཆོག་གི་ཊུ་ཝི་ཊར་དྲ་ཚིགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་Ken Juster མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་དོན་གཅོད་ཁང་གི་དྲུང་ཆེ་གསར་པ་རྒྱལ་པོ་ལགས་རྣམ་གཉིས་རེས་གཟའ་པ་སངས་ཉིན་མཇལ་འཕྲད་གནང་འདུག རྒྱ་གར་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་མཆོག་གིས་ཁོང་ནས་བོད་ཀྱི་སྐུ་ཚབ་དོན་གཅོད་མཇལ་འཕྲད་གནང་བ་དེ་ནི་ཨ་རི་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གཉིས་དབར་མཛའ་འབྲེལ་ཇེ་བཟང་དུ་འགྲོ་བཞིན་པ་མ་ཟད། དེ་ནི་ཨ་རིའི་མི་མང་དང་བོད་མི་མང་གཉིས་ཀྱི་འབྲེལ་ལམ་རྒྱ་བསྐྱེད་གཏོང་ཕྱིར་ཡིན་པ་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་མཆོག་གིས་ཊུ་ཝི་ཊར་twitter དྲ་ཚིགས་ཐོག་གསུངས་འདུག ཁོང་གིས་ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་དང་དྲུང་ཆེ་རྒྱལ་པོ་རྣམ་གཉིས་མཇལ་འཕྲད་བྱུང་བར་ཐུགས་དགྱེས་ཚོར་བྱུང་སྐོར་ཡང་གསུངས་འདུག

སྤྱིར་འདི་ཟླའི་ཚེས་༦ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཨ་རིའི་གཞུང་ཚབ་ཆེན་མོ་ཀེན་ཇས་ཊར་མཆོག་གིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པའི་བརྙན་ཐུང་ཞིག་བཟོས་གནང་ཡོད་པ་རེད་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དབུས་ཨེ་ཤེ་ཡའི་ལས་དོན་སྡེ་ཚན་གྱིས་རྒྱ་གར་གཞུང་ནས་ཕྱི་ལོ་༡༩༥༩ལོ་ནས་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མགྲོན་བདག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།        །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎