རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཨ་མི་རི་ཀར་ཕེབས་འདུག


2015.03.09
དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག 2014 དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག 2014
དྲ་བཤུས FW

དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཨ་མི་རི་ཀར་ཕེབས་ནས་ཟླ་གཉིས་ཙམ་གྱི་རིང་མཛད་འཆར་འདྲ་མིན་སྐྱོང་འཆར་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་Karmapa Foundationཞེས་ཀརྨ་པའི་ཐེབས་རྩས་གནས་ཚུལ་སྤེལ་པ་ལྟར་ན། ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རེས་གཟའ་སྤེན་པའི་ཉིན་རྒྱ་གར་ནས་ཨ་མེ་རི་ཀའི་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་དང་། ཁོང་ཨ་རིའི་ནང་ཟླ་བ་གཉིས་ཙམ་རིང་ཆེད་ཕེབས་གནང་སྐབས། ཨ་རིའི་Harvard་གཙུག་ལག་སློབ་གཉེར་ཁང་དང་། Princetonགཙུག་ལག་སློབ་གཉེར་ཁང་། Stanford་གཙུག་ལག་སློབ་གཉེར་ཁང་། Yaleགཙུག་ལག་སློབ་གཉེར་ཁང་། Redlandsདེ་བཞིན་University of Wisconson-Madisonགཙུག་ལག་སློབ་གཉེར་ཁང་བཅས་ལ་བཀའ་སློབ་གསུང་བཤད་གནང་འཆར་ཡོད་ཅིང་། གོང་ཞུས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ནས་དེང་དུས་ཀྱི་བཟོ་རྩལ་རིག་གནས་ཁག་གཞན་ལ་བྱམས་བརྩེ་དང་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་སྟངས་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་ཆེད་ཕེབས་ཀྱིས་བཀའ་སློབ་གནང་འཆར་ཡོད་པ་མ་ཟད། གཙུག་ལག་སློབ་གྲ་ཆེན་མོ་ཁག་གི་སློབ་ཕྲུག་དང་སློབ་དཔོན་ཚོའི་ལྷན་དུ་ཁོར་ཡུག་དང་སེམས་ཁམས་རིག་པ་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་བསྡུར་གནང་འཆར་འདུག
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཨ་རིའི་ནང་ཕེབས་ཐེངས་གསུམ་པ་དེ་བཞིན་འདི་ཟླའི་ཚེས་༡༧་ཉིན་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་Stanfordགཙུག་ལག་སློབ་གཉེར་ཁང་ནང་Caring Connections: Compassion, Technology and Environmentཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དབུ་འཛུགས་གནང་སྟེ་རིམ་བཞིན་Redland དང་Harvard, Princeton, Yaleསོགས་སུ་བཀའ་སློབ་གནང་རྒྱུ་མ་ཟད། ནེའུ་ཡོག་གྲོང་ཁྱེར་ནང་གི་ཀརྨ་པའི་ཐེབས་རྩ་དང་ཟླ་སྣང་ཐེབས་རྩ་ཚོགས་པ། ནེའུ་ཇར་སིར་ཡོད་པའི་ཀརྨ་ཐེག་གསུམ་ཆོས་གླིང་དང་། གྲོང་ཁྱེར་Seattleནང་གི་ཎ་ལན་ཌ་བོ་དྷི་ཆོས་ཚོགས་སོགས་ལ་གསུང་ཆོས་སོགས་མཛད་འཆར་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎