དཀར་མཛེས་ཕྱོཊ་སུ་ཁྲིམས་སྒྲིག་དོན་ཚན་བརྒྱད་ཅན་བསྒྲཊ་པ།
རྒྱ་ནག་གཞུང་གིས་དཀར་མཛེས་ཕྱོགས་སུ་ཁྲིམས་སྒྲིག་གསར་བར་ངོས་ལེན་དགོས་བའི་ས་རྟགས་བསྡུ་རུབ་བྱེད་བཞིན་ཡོད་འདུག
-
2016-07-01 -
-
-
Your browser doesn’t support HTML5 audio
ཉེ་བའི་ཆར་རྒྱ་ནག་གཞུང་གིས། རྒྱ་ནག་གཞུང་གིས་དཀར་མཛེས་ཕྱོགས་སུ་གྲྭ་བཙུན་ཚོ་ས་གནས་ཀྱི་བདེ་འཇགས་ལ་གནོད་པའི་ཟིང་ཆའི་ལས་འགུལ་རིགས་ལ་ཞུགས་ཚེ་སྲིད་གཞུང་ནས་བྱེད་ཐབས་ཁྲིམས་གཞི་དོན་ཚན་བརྒྱད་ཅན་གྱི་ཁྲིམས་ལུགས་གསར་པ་ཞིག་གཏན་འཁེལ་བྱས་ཡོད་པ་དང་། དེར་ཚང་མས་ངོས་ལེན་བྱེད་དགོས་པའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
རྒྱ་གཞུང་གིས་གོང་ཞུས་ཁྲིམས་གཞི་དོན་ཚན་བརྒྱད་ཅན་དེ་དག་བཀོད་འདོམས་བྱེད་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་གསེར་རྟ་བླ་རུང་སྒར་ནང་། དགེ་འདུན་པ་ཞལ་གྲངས་༥༠༠༠་བར་མ་གཏོགས་བཞུགས་མི་ཆོག་པའི་ཚོད་འཛིན་བྱེད་བཞིན་པ་དང་། གཞན་རྣམས་ཀྱི་གྲྭ་ཤག་གཏོར་བཤིགས་གཏོང་རྒྱུའི་ལས་འཆར་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སྟབས། བོད་ཀྱི་ས་གནས་མང་པོ་ཞིག་གིས་གསེར་རྟ་བླ་རུང་སྒར་གྱི་དགེ་འདུན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་སྣང་ཤུགས་ཆེ་སྟོན་པར་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་སྤེལ་མི་ཡོང་བའི་སྔོན་འགོག་ཆེད་ཁྲིམས་གཞི་དེ་དག་བཀོད་འདོམས་བྱས་པ་ཞིག་ཡིན་སྐོར་མིང་འདོན་གནང་འདོད་མེད་པའི་དགེ་འདུན་པ་ཞིག་གིས་ངོ་སྤྲོད་གནང་ཡོད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།