བཀའ་ཁྲི་དང་བཙན་བྱོལ་བོད་པའི་སློབ་སྤྱི་ཁག་ནང་མོལ་ཚོཌ་འདུ།

བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲ་ཁག་གི་སློབ་སྤྱི་རྣམ་པའི་ལྷན་དུ་ནང་མོལ་ཚོགས་འདུ་ཞིག་གནང་འདུག

2011.09.05

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲ་ཁག་གི་སློབ་སྤྱི་རྣམ་པའི་ལྷན་དུ་ནང་མོལ་ཚོགས་འདུ་ཞིག་གནང་ཡོད་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན།  ཚོགས་འདུ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་ཁང་དུ་འདི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་བསྐྱང་ཡོད་པ་དང༌། ད་ལམ་གྱི་ཚོགས་འདུ་དེ་ནི་བོད་པའི་སློབ་གྲ་ཁག་གི་ནང་ཤེས་ཡོན་སྤྲོད་ཕྱོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་བྱེད་པའི་ལྷན་ཚོགས་ཐེངས་འགའ་ཤས་སྐོང་འཚོགས་གནང་འཆར་ཡོད་པའི་ཆ་ཤས་ཤིག་ཡིན་སྐོར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གི་འབྲེལ་ཡོད་དཔོན་རིགས་ཤིག་གིས་འགྲེལ་བརྗོད་གནང་ཡོད་སྐོར་དང༌། ཐེངས་འདིའི་ཚོགས་འདུའི་ཐོག་ཤེས་ཡོན་དང་འབྲེལ་བའི་གནད་དོན་རིམ་པ་འདྲ་མིན་གྱི་ཐོག་གྲོས་བསྡུར་གནང་སྐབས་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་ཐབས་ལམ་སྒྲོལ་མ་ལགས་དང། ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བྷོ་ཊི་ཡ་ལགས། རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱི་བཀྲ་ཤིས་དོན་སྒྲུབ་ལགས། སྦེལ་ཀོབ་སི་ཝི་པི་བོད་མིའི་སློབ་གྲྭའི་སློབ་སྤྱི་བྱམས་པ་བསྟན་འཛིན་ལགས། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཕུན་ཚོགས་བཀྲ་ཤིས་ལགས། སེ་ལ་ཁུའི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས། སྦེལ་ཀོབ་བོད་ཁྱིམ་སློབ་སྤྱི་དོན་སྒྲུབ་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་འབྲུག་རྒྱལ་ཚེ་རིང་ལགས། སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་མིག་དམར་ཚེ་རིང་ལགས། རྡ་སྟེང་བོད་ཁྱིམ་སློབ་སྤྱི་བསོད་ནམས་སྒྲོལ་དཀར་ལགས་ཀྱི་ཚབ་ཏུ་རྡ་སྟེང་བོད་ཁྱིམ་དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་དང༌།  ཚོགས་འདུ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཚོར་ རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རེ་ཌི་སེན་གསོལ་མགྲོན་ཁང་དུ་མཇལ་ཁ་སྩལ་གནང་མཛད་ཡོད་པའི་གནས་ཚུལ་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎