བོད་ཀྱི་གནས་སྟངས་ཐོག་རྒྱལ་སྤྱིའི་ཐེ་བྱུས་ཀྱི་འབོད་སྐུལ།

བཀའ་བློན་ཁྲི་པ་མཆོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་རྒྱལ་སྤྱིས་ཐེ་བྱུས་གནང་དགོས་པའི་རེ་འབོད་གནང་བ།

2012.01.25

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་ནས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་བྱུས་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་གནང་འདུག
བཀའ་བློན་ཁྲི་པ་མཆོག་ནས་བོད་ཀྱི་ས་ཁུལ་ཁག་གཅིག་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་ནང་། རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མི་ཤི་རྨས་བྱུང་བའི་གྲངས་འབོར་དངོས་ཤེས་རྟོགས་ཡོང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་ཐོག་ཁུ་སིམ་པོར་འདོད་རྒྱུ་དེས་ཉེ་བའི་ཆར་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་ཐོག་རྒྱ་ནག་ཉེན རྟོག་དམག་མིས་དྲག་གནོན་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་འགྲིག་ངེས་ཡིན་པར་ངོས་ལེན་བྱས་པ་ཞིག་མངོན་རྒྱུ་ཡིན་པས། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་དྲག་གནོན་མཚམས་འཇོག་ཡོངས་ཐབས་གནང་རྒྱུ་དེ་དགོས་ངེས་ཤིག་དང་། གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུང་འདུག གཟའ་མིག་དམར་ཉིན་ཨ་རིའི་གཞུང་གིས་ བོད་ནང་བོད་མི་ཚོའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་ བོད་མི་ཤི་སྨས་ཚབས་ཆེ་བྱུང་བའི་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཚབས་ཆེན་པོ་གནང་གི་ཡོད་པའི་སྐོར་གསལ་སྟོན་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གཟའ་མིག་དམར་ཉིན་བོད་ནང་བོད་མི་ཚོས་རྒྱ་ནག་གི་གཞུང་གི་དྲག་པོའི་སྲིད་བྱུས་དང་། ཆོས་ལུགས་རང་དབང་མེད་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་རིགས་ནི་རྒྱ་ནག་རང་ཉིད་ཀྱི་ནོར་འཁྲུལ་སྲིད་བྱུས་ལ་བསྐྱར་ཞིབ་མ་བྱས་པར། ཕྱི་རྒྱལ་དུ་ཡོད་པའི་ཚོགས་པ་ཁག་གཅིག་གིས་སྐུལ་སློང་བྱས་ནས་རྒྱ་ནག་གཞུང་མགོ་རྟིང་སློག་རྩིས་བྱེད་ཀྱི་ཡོད་ལུགས་ཀྱི་སྐྱོན་བཙུགས་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎