དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་ལ་གསར་བསྐོས་གནང་འདུག


2018.09.19
ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས། ༢༠༡༨།༩།༡༩ ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས། ༢༠༡༨།༩།༡༩
RFA

ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་༦པའི་ཐོག་ཁྲིམས་ཞིབ་པ་ལ་གསར་བསྐོས་གནང་འདུག
དེ་ཡང་ཕྱི་ཟླ་༩ཚེས་༡༩བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ཉིན་གཉིས་པའི་སྔ་དྲོའི་ཚོགས་མཐུན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་ངག་དབང་ཆོས་གྲགས་ལགས་བགྲེས་ཡོལ་ཞུས་པའི་ཚབ་ཏུ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསར་བསྐོའི་འོས་མི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐར་མ་དགྲ་འདུལ་ལགས་སུ་གྲོས་ཚོགས་ཀྱི་འཐུས་མི་ཚོས་འོས་འཕངས་ནས་དང་པོ་འོས་གྲངས་ ༢༡/༢༡ བྱུང་ཞིང་། འཐུས་མི་གཅིག་བར་བཞུགས་བྱས་པར་བརྟེན་འོས་འཕེན་རིམ་པ་དང་པོར་ཐག་གཅོད་བྱུང་མེད་ཅིང་།  དེ་རྗེས་སླར་ཡང་འོས་བསྡུ་རིམ་པ་གཉིས་པ་བྱས་པའི་གྲུབ་འབྲས་སུ། དྲུང་འཕར་ཀརྨ་དགྲ་འདུལ་ལགས་སུ་འོས་གྲངས་ ༢༡ དང་དྲུང་འཕར་ཚེ་དབང་སྒྲོལ་མ་ལགས་སུ་འོས་གྲངས་ ༡༩  བྱུང་སྟེ་དྲུང་འཕར་ཀརྨ་དགྲ་འདུལ་ལགས་སུ་ཁྲིམས་ཞིབ་པར་འདེམས་ཐོན་བྱུང་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པར་གསར་འདུ་འདེམས་བསྐོ་བྱུང་བ་ཀརྨ་དགྲ་འདུལ་ལགས་ཀྱིས། ད་བར་འཛིན་སྐྱོང་ཁོ་ནའི་ནང་གི་ལས་བྱེད་ཅིག་ཡིན་པས། ད་ལྟ་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་ཁྲིམས་ཞིབ་པ་ལ་བསླེབས་སྐབས། ཁྲིམས་སྒྲིག་གི་ཐོག་ལས་དོན་གང་འདྲ་བྱས་པ་ཡིན་ན། ཐོག་མཐའ་བར་གསུམ་ལ་དབྱེ་འབྱེད་མེད་པ་དང་དྲང་པོ་དྲང་བཞག་གནང་རྒྱུའི་འདུན་པ་བརྟན་པོ་ཡོད་ཅེས་གསུངས་འདུག

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎