བལ་ཡུལ་དུ་བོད་པའི་དྭང་བླངས་པ་ཁག་ཅིག་གིས་ཉེ་ཆར་བལ་ཡུལ་ནང་ཆུ་ལོག་གི་གོད་ཆགས་སྐབས་རོགས་རམ།

2024.10.05
བལ་ཡུལ་དུ་བོད་པའི་དྭང་བླངས་པ་ཁག་ཅིག་གིས་ཉེ་ཆར་བལ་ཡུལ་ནང་ཆུ་ལོག་གི་གོད་ཆགས་སྐབས་རོགས་རམ།
Tibet.net

བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་བོད་ལུགས་ལྟར་ན་དགུང་གྲངས་ ༩༠་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་།ཉེ་ཆར་བལ་ཡུལ་ནང་ཆུ་ལོག་གི་གོད་ཆགས་ཕོགས་མི་དྲུག་བརྒྱ་སྐོར་ཞིག་ལ་ཟས་གོས་དང་ཆུ་སྦྱིན་གྱི་ལས་དོན་སྤེལ་གནང་ཡོད་པའི་སྐོར་ཕྱི་ཚེས་ ༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་སྤེལ་གནང་འདུག གོང་ཞུས་རྣམ་དཀར་དགེ་སྦྱོར་གྱི་ལས་དོན་དེ་ཁ་ཉིན་རེས་གཟའ་ལྷག་པ་སྐུའི་བླ་གཟའ་ཉིན་གནང་ཡོད་པ་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་གནང་བ་ཞིག་ཡིན་པ་དང་ གཞན་ཡང་ལོ་འདིའི་ནང་འདི་ལྟར་གྱི་བྱེད་སྒོ་གཞན་ཁག་ཅིག་ཀྱང་རིམས་པས་སྤེལ་འཆར་དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བརྒྱུད་བཀའ་གནང་བ་བཞིན་སྒྲུབ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
རེས་གཟའ་པ་སངས་ཉིན་བལ་ཡུལ་གཞུང་གིས་བདུན་སྔོན་མའི་ནང་ཡུལ་ནང་འཆར་ཆུས་གནོད་སྐྱོན་ཤུགས་ཆེ་ཕོགས་ཡུལ་གྱི་རྫོངས་ཁག་ ༡༤ གོད་ཆགས་ཕོགས་པའི་ས་ཁུལ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་དང་དེའི་་དམིགས་ཡུལ་ནི་སྐྱོབ་གསོ་དང་འཛུགས་བསྐྲུན་བསྐྱར་གསོའི་ལས་དོན་སྤེལ་ཆེད་གནང་བ་ཞིག་ཡིན་པ་རེད་འདུག བལ་ཡུལ་རྒྱལ་ས་ནང་ས་མཐོ་ས་དང་བོད་མི་གནས་བཞུགས་ས་ཁུལ་ཁག་ཏུ་དམིགས་བསལ་དཀའ་ངལ་གང་ཡང་ཕྲད་མེད་པ་དང་།ལྷག་པར་དུ་རྒྱལ་ས་ཀ་ཐི་མེ་ཀྲོན་བལ་ཡུལ་མཆོད་བརྟེན་གཡས་གཡོན་དུ་ཆུ་ལོག་གི་གོད་ཆགས་ཀྱིས་གནོད་སྐྱོན་བྱུང་མི་འདུག་ཅེས་བལ་ཡུལ་གནས་བསྡོད་བོད་མི་ཞིག་གིས་བརྗོད་སོང་།དེ་མིན་ས་དམའ་ས་དང་རྒྱུགས་ཆུ་ཉེ་འཁོར་དུ་ཆགས་ཡོད་པའི་ཁང་པ་རྩིག་རྨང་བརྟན་པོ་མེད་མཁན་དག་ཆུས་འཁྱེར་བ་ས་སོགས་གོད་ཆགས་ཆེན་པོ་བྱུང་འདུག།ཆུ་ལོག་གི་གོད་ཆགས་བྱུང་རྐྱེན་གཙོ་བོ་ཆར་པ་དེ་སྔ་བྱུང་མྱོང་མེད་པ་ཆེན་པོ་བབས་རྗེས་བལ་ཡུལ་གྱི་Bagmati གཙང་ཆུ་རྒྱས་པ་དང་དེ་བཞིན་གྲོང་ཁྱེར་གྱི་འཛུགས་བསྐྲུན་ལས་གཞིའི་འཆར་འགོད་སྤུས་ཚད་ལྡན་པ་མ་བྱུང་བ་དང་།གྲོང་ཁྱེར་ནང་མི་འབོར་འཕེལ་རྒྱས་ཕྱིན་པ་བརྟེན་ཆུ་འགྲམ་དུ་ཁང་པ་གསར་རྒྱག་མང་དུ་ཕྱིན་ཡོད་པ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ལ་བརྟེན་ནས་ཡིན་པ་རེད་ཅེས་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག།གཞན་ཡང་སྔ་ས་ནས་ཉེན་བརྡ་དང་གོད་ཆགས་ལ་གྲ་སྒྲིག་མེད་པ་དང་མཚན་རིག་དང་མ་མཐུན་པའི་ས་ཆ་གང་བྱུང་ལ་འཛུགས་སྐྲུན་ལས་གཞི་རྐྱེན་གྱིས་གནས་ཚུལ་སྡུག་ཏུ་བཏང་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག

r-1-1024x768.jpg
བདུན་སྔོན་མའི་བལ་ཡུལ་གྱི་ཆར་པ་ཤུགས་ཆེ་དང་དེས་རྐྱེན་གྱིས་ས་རུད་ཀྱི་གྱི་གོད་ཆགས་དེའི་ནང་ཉུང་མཐར་མི་གྲངས་༢༣༨ ཡི་ཚེ་སྲོག་ཤོར་ཡོད་པ་དང་མི་གྲངས་ཉི་ཤུ་སྐོར་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད་མི་གྲངས་ཉིས་བརྒྱ་སྐོར་ཞིག་ལ་རྨས་སྐྱོན་ཕོགས་ཡོད་པ་།དཀའ་ངལ་ཕྲད་ས་མང་ཆེ་བ་ངལ་རྩོལ་གྲལ་རིམ་མི་དམངས་དཀྱུས་མ་དང་ཉིན་གླ་རྒྱུགས་མཁན་ཚོ་ཡིན་འདུག དེ་མ་ཚད་བལ་ཡུལ་གྱི་ཤོག་སྒོར་ཐེར་འབུམ་གནས་པའི་དངོས་པོར་གཏོར་སྐྱོན་དང་ལམ་ཆེན་དང་གཞུང་ལམ་ཁག་ཅིག་ལ་གནོད་སྐྱོན་འཚབ་ཆེ་བཏང་ཡོད་པ་སོགས་ཀྱི་སྐོར་བལ་ཡུལ་གྱི་གསར་ཤོག་ཁག་གི་ནང་གནས་ཚུལ་བཀོད་སྤེལ་གནང་ཡོད་པ་རེད་
༢༠༡༥ལོར་ཟླ་༤པའི་ནང་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་ཚབས་ཆེན་བྱུང་སྟེ། བལ་བོ་ཁྲི་ཕྲག་མང་པོར་དཀའ་ངལ་ཕྲད་པའིས་སྐབས་བལ་ཡུལ་གནས་བསྡོད་བོད་མི་གཙོས་ཕྱི་ནང་གཉིས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བལ་ཡུལ་ལ་རོགས་སྐྱོབ་སྤྲོད་པའི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་རེད།
གསར་འགོད་པ།ལྷུན་འགྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎