རྒྱ་གར་དང་ཉི་ཧོང་བར་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་སྐོར།
2008.09.04
༄༅༎ཉི་ཧོང་གཞུང་ནས་གསུངས་པར་ལྟར་ན། རིང་མིན་གཟའ་ཟླ་བ་ནས་བཟུང་ཉིན་གྲངས་ལྔའི་རིང༌། རྒྱ་གར་མཉམ་དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐོག་གྲོས་མོལ་ཐེངས་དགུ་པ་དེ་བཞིན་གནང་རྒྱུ་ཡིན་ཞེས་དང་ དེ་དང་ཕྱོགས་མཚུངས་ཡུལ་གཉིས་དབར་ཨེམ་རྗེ་དང༌། རྩིས་པ། ཁང་པའི་བྱུས་བཀོད་པ་སོགས་ཀྱི་ལས་རིགས་འདྲ་མིན་གྱི་མི་སྣ་ཚོའི་ཐོག་ལག་འཁྱེར་སྤྲོད་ཆོག་དང༌། བརྗེ་ལེན་གྱི་ལས་འཆར་ཐོག་མཉམ་འབྲེལ་བྱེད་རྒྱུ་སོགས་ཀྱི་གནད་དོན་སྐོར་ལའང་གྲོས་མོལ་གནང་འཆར་ཡོད་ལུགས་གསུངས་འདུག
ད་བར་གྲོས་མོལ་རིམ་པ་གནང་བ་བརྒྱུད་ཡུལ་གཉིས་ཀའི་ངོས་ནས་དངོས་ཆས་ཚོང་འགྲེམས་བྱེད་ཕྱོགས་ཀྱི་མཚན་གལ་ཆེའི་གནད་དོན་ཁག་ཅིག་ཐོག་མོས་མཐུན་གྱི་ལག་ལེན་འཁེལ་ཐུབ་པ་བྱུང་ཡོད་པ་མ་ཟད་ད་དུང་རིང་མིན་གྲོས་མོལ་སྐབས་གནད་དོན་མང་པོ་ཞིག་གི་ཐོག་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་བསྡུར་གནང་འཆར་ཡོད་འདུག།