ཉི་ཧོང་གིས་བོད་ནང་བོད་མའི་འཚོ་རྟེན་ལ་རོགས་རམ།
ཉི་ཧོང་གིས་བོད་ནང་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་རྒྱ་མིའི་སྒོར་མོ་ས་ཡ་ལྷག་གི་རོགས་རམ་བྱ་རྒྱུ།
-
2010-01-19 -
-
-
༄༅༎ཉི་ཧོང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་གི་རྨང་གཞིའི་འཛུགས་སྐྲུན་དང་མི་དམངས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་རྒྱ་མིའི་སྒོར་མོ་ས་ཡ་གཅིག་དང་གྲངས་ཆུང་༢༦གི་རོགས་རམ་བྱ་རྒྱུ་ཡིན་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་བཀོད་པ་ནས་དེ་རིང་རྒྱ་ནག་གཞུང་གི་གནས་འགྱུར་དྲ་རྒྱ་ཞིག་ཐོག་ལུང་འདྲེན་བྱས་ཡོད་པ་རེད།
ཉི་ཧོང་གིས་བོད་རང་སྐྱོང་ལྗོངས་ས་ཁུལ་ནང་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུའི་འགྲོ་གྲོན་གྱི་སྔོན་རྩིས་ནང་དུ། བོད་ཀྱི་གཞིས་རྩེའི་ཁོངས་སུ་གཏོགས་པའི་ངམ་རིང་ས་གནས་ནང་དུ་ཡོད་པའི་འཕྲུལ་རིག་ལག་རྩལ་སྦྱོང་བརྡར་ལྟེ་གནས་ཁང་དུ་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་དང། དེ་བཞིན་བོད་ཀྱི་ལྷོ་ཁ་ས་གནས་ཁོངས་ཀྱི་ཟངས་རི་ཁུལ་གྱི་མི་དམངས་སྨན་ཁང་ལ་སྨན་བཅོས་ཀྱི་དགོས་མཁོའི་ཡོ་ཆས་སོགས་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་རེད།
རྒྱ་ནག་གི་གསར་འགྱུར་གྱི་དྲ་རྒྱ་དེའི་ཐོག་ལ་མུ་མཐུད་གནས་ཚུལ་བཀོད་པའི་ནང་ཕྱི་ལོ་༡༩༨༨ནས་བཟུང་ད་བར་ལ་ཉི་ཧོང་གཞུང་གིས་བོད་ནང་དུ་དཔལ་འབྱོར་གྱི་རོགས་དངུལ་ཨ་རིའི་ཊོ་ལར་ས་ཡ་༡༢ དང་གྲངས་ཆུང་༤༩ གནང་ཡོད་པ་དང། རོགས་དངུལ་དེ་དག་གིས་བོད་ནང་གི་ཤེས་ཡོན་ཡར་རྒྱས་དང། སྨན་བཅོས་ཀྱི་ཞབས་ཞུ། འཕྲོད་བསྟེན་གྱི་བལྟ་སྐྱོང། སྒོ་ཕྱུག་སེམས་ཅན་འཕེལ་རྒྱས་དང་གསོ་སྐྱོང་སོགས་ཀྱི་ཐོག་ལ་འགྲོ་གྲོན་བཏང་སྟེ་མི་དམངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ལུགས་བཀོད་ཡོད་པ་རེད།