ཉི་ཧོང་སྲིད་བློན་གསར་པའི་ཁས་ལེན།

ཉི་ཧོང་གྲོས་ཚོགས་ཀྱིས་ཉི་ཧོང་གི་ནོར་སྲིད་བློན་ཆེན་ཡོ་ཤི་ཧི་ཀོ་ནོ་ཌ་ཡུལ་དེའི་སྲིད་བློན་གསར་པར་བསྐོ་བཞག་གཏན་འཁེལ་གནང་རྒྱུ།

2011.08.29

༄༅༎ཉི་ཧོང་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་གསར་པར་བསྐོ་བཞག་བྱུང་བའི་ཉི་ཧོང་གི་སྲིད་བློན་འོས་ཐོབ་ཡོ་ཤི་ཧི་ཀོ་ནོ་ཌ་མཆོག་གིས་ མཚོ་རླུང་དྲག་འཆར་གྱི་གོད་ཆགས་ཤུགས་ཆེ་ཕོག་པའི་ཉི་ཧོང་རྒྱལ་ཁབ་བསྐྱར་གསོའི་ལས་དོན་ཚག་ཚུད་གནང་རྒྱུའི་ཁས་ལེན་གནང་བཞག།

སང་ཉིན་ཉི་ཧོང་གྲོས་ཚོགས་ཀྱིས་ཉི་ཧོང་གི་ནོར་སྲིད་བློན་ཆེན་ཡོ་ཤི་ཧི་ཀོ་ནོ་ཌ་ཡུལ་དེའི་སྲིད་བློན་གསར་པར་བསྐོ་བཞག་གཏན་འཁེལ་གནང་རྒྱུ་ཡིན་པ་དང༌། ཁོང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཉི་ཧོང་རྒྱལ་ཁབ་ཀྱི་འདས་པའི་ལོ་ལྔའི་ནང་གི་སྲིད་བློན་ཨང་དྲུག་པ་དེ་ཆགས་གནང་རྒྱུ་ཡིན་པ་རེད།

དགུང་གྲངས་༥༤ལ་ཕེབས་པའི་ནོར་སྲིད་བློན་ཆེན་ཟུར་པ་ཡོ་ཤི་ཧི་ཀོ་ནོ་ཌ་ཡིས་ ཁོང་མི་དཀྱུས་མ་ཞིག་ཡིན་སྐོར་གསུངས་ཏེ། མཐའ་གཉིས་སུ་མ་ལྷུང་བའི་ཆབ་སྲིད་ལམ་ལུགས་ལམ་དབུ་མའི་ཐོག་ཕེབས་རྒྱུའི་དམ་བཅའ་བཞག་དང་གནང་བ་དང་འབྲེལ། དུམ་བུར་གྱེས་པའི་ཉི་ཧོང་གི་དམངས་གཙོ་ཚོགས་པ་ནང་ཁུལ་ཆིག་སྒྲིལ་ཡོང་ཐབས་ཐད་ཤུགས་སྣོན་སྐྱོན་རྒྱུའི་ཁས་ལེན་ཡང་གནང་འདུག།

ཉི་ཧོང་ནང་ད་ལོ་ཕྱི་ཟླ་༣པའི་ཚེས་༡༡ཉིན་མཚོ་རླུང་དྲག་པོ་རྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་རྗེས། ད་ཆ་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་ཞིག་ཕེབས་རུང༌། རྒྱལ་ཁབ་བསྐྱར་གསོ་ལས་དོན་དེ་གལ་གནད་ཆེ་ཤོས་དང་ཛ་དྲག་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང༌། རྒྱལ་ཁབ་ཀྱི་དངུལ་བུན་ཉུང་དུ་གཏོང་ཐབས་བྱ་རྒྱུ་དེ་སྲིད་བློན་གསར་པའི་ལས་འགན་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎